འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་སྟོན་ཀའི་རྟ་རྒྱུག་དུས་ཆེན་གྱི་གྲ་སྒྲིག་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་སྟོན་ཁའི་རྟ་རྒྱུག་དུས་ཆེན་དེ་ཟླ10པའི་ཚེས་30ཉིན་འགོ་ཚུགས་རྒྱུ་ཡིན་པ་དང་།སྦྲ་གུར་ཕུབ་པ་དང་ཡུལ་ར་བཀོད་སྒྲིག འགྲན་ཞུགས་པ་འབྱོར་ཐོ་འགོད་པ།  སྦྱོང་བརྡར་ཡུལ་ར་སོགས་གྲ་སྒྲིག་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།

        རྒྱུས་ལོན་བྱུང་བ་ལྟར་ན།ཐེངས་འདིའི་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་སྟོན་ཁའི་རྟ་རྒྱུག་དུས་ཆེན་དེ་ཟླ10པའི་ཚེས་30ཉིན་འགོ་ཚུགས་རྒྱུ་ཡིན་པ་དང་།ཟླ11པའི་ཚེས1ཉིན་མཇུག་འགྲིལ་རྒྱུ་ཡིན་པ་རེད།དེའི་རིང་མྱུར་ཚད་སྨི་1000དང་སྨི་3000 དེ་བཞིན་རྟ་རྩལ་དང་རྟ་རྒྱུག་མདའ་འཕེན། ཁ་བཏགས་འཐུ་བ། སྒྲུག་རྟ་རྒྱུག་སྨི་1000  སྨི་3000སོགས་ཀྱི་འགྲན་བསྡུར་སྤེལ་རྒྱུ་རེད། དེའི་སྐབས་སུ།རང་ཁུལ་གྱི་འགྲན་ཞུགས་བདམས་ཐོན་པ་ཕུད་ད་དུང་ནང་སོག་རང་སྐྱོང་ལྗོངས་དང་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སོགས་ནས་ཡོང་བའི་རུ་ཁག་6ཐེངས་འདིའི་རྟ་རྒྱུག་དུས་ཆེན་གྱི་འགྲན་བསྡུར་ནང་ཞུགས་ཡོད་པ་རེད།