བློ་མཐུན་ལི་ཁེ་ཆང་སྐུ་མྱ་ངན་ལས་འདས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-27   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

  ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་བཅུ་བདུན་པ་དང་། སྐབས་བཅོ་བརྒྱད་པ། སྐབས་བཅུ་དགུ་པ་བཅས་ཀྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཟུར་པ་བློ་མཐུན་ལི་ཁེ་ཆང་གིས་ཉེ་ལམ་ཧྲང་ཧའེ་རུ་སྐུ་ངལ་གསོ་བཞིན་ཡོད། 2023ལོའི་ཟླ10པའི་ཚེས26ཉིན་ཁོང་ལ་གློ་བུར་དུ་སྙིང་ནད་བྱུང་བ་དང་ནུས་ཤུགས་གང་ཡོད་ཀྱིས་མྱུར་སྐྱོབ་བྱས་ཀྱང་མ་ཕན་པར་ཟླ10པའི་ཚེས27ཉིན་གྱི་ཆུ་ཚོད0དང་སྐར་མ10ཡི་སྟེང་དུ་ཧྲང་ཧའེ་རུ་སྐུ་གཤེགས་ཤིང་། སྐུ་གཤེགས་སྐབས་དགུང་ལོ68རེད། (འདས་བརྡ་རྗེས་ནས་གཏོང་རྒྱུ།)