རྫོང་པ་ནགས་ལྕོགས་རི་བོ་ནས་སྟོན་མཇུག་གི་རྣམ་པ་ཉམས་སུ་མྱོང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དོད་ཡིག་དྲ་བ།


 དུས་ཚིགས་རེ་རེ་ལ་རང་རང་གི་མཛེས་སྡུག་དང་ཁྱད་ཆོས་ཡོད་པ་བཞིན།  ནམ་ཟླ་སྟོན་མཇུག་ཏུ་སླེབས་པ་ན།  རྒྱལ་ཐང་འཛིན་མའི་ནགས་ཀླུང་གི་ཁྱོན་དུ་སེར་མདོག་གི་ཚོན་རིས་ཤིག་རང་བཞིན་གྱིས་མངོན་བཞིན་མཆིས།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་སྡོད་པའི་མི་ཞིག་ཡིན་ཕྱིར།   རྫོང་པ་ནགས་ལྕོག་རི་བོ་འདྲེན་བྱེད་མིག་གི་ལམ་དུ་ཉིན་རེར་མངོན་སྲིད་ཀྱང་།   དེའི་རྒྱ་རྫོང་ནགས་ཀྱི་ཆེ་བ་དང་མཛེས་སྡུག་ཉམས་སུ་མྱོང་ཡོད་པའི་ངེས་པ་ཅི་ཡང་མ་མཆིས།  

    ཉིན་གུང་གི་ངལ་གསོའི་དུས་ཚོད་བེད་སྤྱད་ནས་ང་རང་རྫོང་པ་ནགས་ལྕོགས་རི་བོའི་ཕྱོགས་སུ་སྙེགས།  སྔོ་ཞིང་བསང་པའི་ནམ་མཁའི་དབྱིངས་ན་སྤྲིན་པ་ལེབ་མོ་ཞིག་གིས་ཉམས་དགའ་བའི་བཟོ་ལྟ་སྣ་ཚོགས་སྟོན་ཅིང་།  རླུང་གི་རྒྱུ་བ་དང་བསྟུན་ནས་རྒྱང་རིང་གི་ཕྱོགས་སུ་དལ་གྱིས་ལྡང་།  ས་མཐོའི་མཐོ་སྒང་དུ་གྲང་རེག་ལ་མི་འཛེམ་པའི་མེ་ཏོག་རེ་འགའ་དཔའ་ངལ་ཞུམ་མེད་ཀྱིས་བཞད་འདུག་ཅིང་།    ཉི་འོད་འཇམ་པོའི་འོག་ན་སྐྱིད་པའི་མགོ་ལྕོག་ལྡེམ།  རྒྱལ་ཐང་གི་ཡུལ་ལུང་མང་པོར་གདོད་མའི་ནགས་ཚལ་གྱིས་ཡོངས་སུ་བརྒྱན་ཡོད་པ་འདི་ནི་ཤིན་ཏུ་ནས་ཀྱང་ངོ་མཚར་ཞིང་ཡིད་དགའ་བའི་གནས་ཏེ།  སྔོ་ལྗང་གི་འཇིག་རྟེན་དག་མཐོང་བས་སེམས་ལ་བཅོས་མིན་གྱི་སྐྱིད་སྣང་ཞིག་ངང་གིས་ཤར་ཡོང་ཞིང་།  འདི་ནི་རང་བྱུང་ཁམས་ཀྱི་མཛེས་སྡུག་གིས་མིའི་སེམས་ལ་ཐད་ཀར་དུ་སྦྱིན་པའི་བདེ་སྐྱིད་ཅིག་ཏུ་མཐོང་།   ལྷག་པར་ཡུལ་འདི་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ཡུལ་གྲུ་ཞིག་ཏུ་ངེས་དོན་གྱི་ཆ་ནས་འབོད་ཆོག་ཅིང་།  ཁོར་སྲུང་གི་འདུ་ཤེས་མངོན་པར་གསལ། 

    མིང་མི་ཐོགས་པའི་སྐྱེ་དངོས་རེ་རེ་དང་ལོ་འདབ་རེ་རེར་བརྩེ་བའི་ལག་ཟུང་གིས་གཉོར་བཞིན་ང་རང་རི་རྩེར་སླེབས་པ་དང་།   ཡང་ཕྱོགས་ངེས་མེད་ཀྱི་ཡུལ་ལྗོངས་ལ་སེམས་པ་ཤོར་བཞིན་ང་རང་སྐྱིད་སྣང་དང་བཅས་རི་འདབས་ཀྱི་ལས་ཁུངས་སུ་ལོག་པ་ཡིན།