སྐྱིད་པའི་འཚོ་བ་ཞོགས་ཟས་ནས་མགོ་རྩོམ་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-26   རྩོམ་ཁུངས།    མཚོ་སྔོན་བོདཡིག་གསར་འགྱུར།

ཞོགས་ཟས་ནི་ཉིན་གཅིག་གི་ཟས་ཐུན་ཆེས་གལ་ཆེ་བ་དེ་ཡིན། ཞོགས་ཟས་ལེགས་པར་སྤྱད་ན་ཉིན་གང་བོར་ལུས་ལ་སྟོབས་ཤུགས་ཀྱིས་ཁེངས་ངེས། ཞོགས་ཟས་མ་ཟོས་པའི་སྔོན་གྱི་ལྟོ་སྟོང་གི་སྐབས་སུ། ཁྲག་ཧྭགས་ཧ་ཅང་དམའ་བས།གལ་ཏེ་ཞོགས་ཟས་དུས་ལྟར་མི་བཟའ་བའམ་ཡང་ན་ཞོགས་ཟས་ཀྱི་སྡེབ་སྦྱོར་ལུགས་མཐུན་མིན་ན། ཀླད་པར་རྒུན་འབྲུམ་ཧྭགས་ཀྱིས་མི་འདང་བར།བསམ་གཞིག་ལ་གནོད་པ་དང་རིག་པ་མི་གསལ་ལ། ཚབས་ཆེ་བའི་སྐབས་སུ་མགོ་ཡོམ་འཁོར་བ་དང་ཐང་ཆད་པ། རིག་པ་རྡབ་རྡིབ་འབྱུང་བ་སོགས་ཀྱི་ཁྲག་ཧྭགས་དམའ་བའི་ནད་རྟགས་འབྱུང་བ་རེད། དེ་ན་ཞོགས་ཟས་ཇི་ལྟར་བསྟེན་དགོས་སམ་ཞེ་ན།
འབྲུ་རྩིང་གི་རིགས་མང་དུ་བསྟེན་པ།
འབྲུ་རྩིང་གི་རིགས་ནི་ཞོགས་ཟས་ཀྱི་རྨང་གཞི་ཡིན། དེའི་ནང་དུ་འདུས་པའི་ཐཱན་ཆུ་འདྲེས་སྦྱོར་རྫས་ཡིས་ལུས་པོར་མངར་ཆ་དང་ནུས་དྲོད་སྦྱིན་ཐུབ་པས། ཚང་མས་འབྲས་དཀར་ནག་གི་སྐྱོ་མ་དང་སྲན་མའི་རིགས་ཀྱི་སྐྱོ་མ། ཡུ་གུའི་སྐྱོ་མ།ཞོག་ཁོག་མངར་མོ་སོགས་བཟའ་བ་ལས་སྣུམ་བཙོས་གོ་རེ་དང་ཀ་ར་གོ་རེ། སྦང་ཐུག་སོགས་ཀ་ར་དང་སྣུམ་ཆེ་བའི་ཟས་རིགས་མ་ཟོས་ན་བཟང་།
སྤྲི་དཀར་མཐོ་བའི་ཟས་རིགས་བསྟེན་ཆོག
སྤྲི་དཀར་མཐོ་བའི་ཟས་རིགས་ཀྱིས་ཁྲག་ཧྭགས་ཀྱི་ཆུ་ཚད་རྒྱུན་སྲུང་བྱེད་ཚད་ཇེ་རིང་དུ་གཏོང་ཐུབ་པར་མ་ཟད་འཚོ་བཅུད་ཀྱི་རིན་ཐང་ཡང་ཧ་ཅང་མཐོ། ཞོགས་ཟས་བསྟེན་སྐབས་ཚང་མས་སྒོ་ང་དང་འོ་མ། ཞོ། སྲན་ཁུ། སྐམས་ཤ་སོགས་ཀྱི་སྤྲི་དཀར་མཐོ་ལ་ཚིལ་ཞག་ཉུང་བའི་ཟས་རིགས་བསྟེན་པ་ལས། ཤ་རྒྱུ་དང་བྱ་ཤ་བསྲེག་མ་སོགས་སྣུམ་ཆེ་བའི་ཟས་རིགས་མང་པོ་བསྟེན་མི་རུང་། གཞན་ད་རུང་སྟར་ཀ་དང་བ་དམ། འགད་འབྲས་སོགས་ཀྱི་ནང་དུ་སྤྲི་དཀར་དང་འཚོ་རྒྱུ། ཚད་ཉུང་གཞི་རྒྱུ་སོགས་མང་དུ་འདུས་པས། འཚོ་བཅུད་ཀྱི་རིན་ཐང་མཐོ་ལ་ཞོགས་ཟས་སུ་བསྟེན་པར་ཧ་ཅང་འཚམ།
སྔོ་ཚོད་མང་དུ་བསྟེན་པ།
སྔོ་ཚོད་དང་སིལ་ཏོག་མེད་པའི་ཞོགས་ཟས་ནི་འཚོ་བཅུད་ཀྱི་འདུས་ཚད་མཐོ་བའི་ཞོགས་ཟས་སུ་བརྩི་མི་རུང་། ཚང་མས་ཞོགས་ཟས་ཀྱི་སྐབས་སུ་སྔོ་ཚོད་དང་སིལ་ཏོག་གསར་པ་མང་དུ་བསྟེན་པ་ལས། བསྙལ་ཚོད་དང་ཚྭ་ཚོད་སོགས་ཚྭ་མང་བའི་ཚོད་མ་དང་ཀ་ར་མང་བའི་བཏུང་བྱ་ཉུང་འཐུང་བྱེད་དགོས།

རིགས་སྣ་ཉུང་ལ་ཡང་ནས་བསྐྱར་དུ་ཟས་རིགས་སྣ་གཅིག་བཟའ་བ་ནི་མི་མང་པོ་ཞིག་གི་ཞོགས་ཟས་རོལ་སྟངས་སུ་གྱུར་ཡོད། ཚང་མས་བདེ་ཐང་གི་བཟའ་བཏུང་རོལ་སྟངས་ལ་དོ་སྣང་བྱེད་དགོས་ཏེ། ཞོགས་ཟས་ལ་འཚོ་བཅུད་འཛོམས་པའི་ཟས་རིགས་བཟའ་དགོས་པར་མ་ཟད་ད་རུང་འཚོ་བཅུད་སྡེབ་སྦྱོར་ཡང་བྱེད་ཤེས་དགོས། །