འཛམ་གླིང་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོའི་གྲ་སྒྲིག་སྐུལ་སྤེལ་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 ཟླ་10ཚེས་23ཉིན། འཛམ་གླིང་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོ་དང་། ཏ་ལི་དང་ས་དམ། བདེ་ཆེན་བཅས་ཀྱིས་ཡུན་ནན་ནུབ་བྱང་ཡུལ་སྐོར་གྱི་སྤུས་ཚད་མཐོ་པོའི་ཕྱོགས་སྒྱུར་རིམ་སྤོར་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་མཉམ་ལས་མཉམ་འབྲེལ་ཚོགས་འདུའི་གྲ་སྒྲིག་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་དེ་སེམས་ཀྱི་ཉི་ཟླའི་གྲོང་ཁུལ་དུ་འཚོགས་པ་རེད།

    ཚོགས་འདུའི་ཐོག་གྲ་སྒྲིག་འགོ་ཁྲིད་ཚོ་ཆུང་གཞུང་དོན་ཁང་དང་། ཡུལ་སྐོར་འཕེལ་རྒྱས་ལས་དོན་ཚོ་ཆུང་། རིག་གནས་ཡུལ་སྐོར་བྲིན་ཚོང་ཁྱབ་གདལ་ཚོ་ཆུང་། དྲིལ་བསྒྲགས་ཚགས་པར་ཚོ་ཆུང་སོགས་ཚོ་ཆུང་12ཀྱིས་རིག་གནས་ཡུལ་སྐོར་དུས་ཆེན་གྱི་དུས་འགོའི་ལས་དོན་སྤེལ་ཚུལ་སྙན་སེང་ཞིབ་ཕྲ་ཞུས་ནས་རིག་གནས་ཡུལ་སྐོར་དུས་ཆེན་རིང་བྱེད་སྒོ་སྤེལ་རིང་གི་བདེ་འཇགས་དང་། འཕྲོད་བསྟེན། འཕྲལ་སྡོམ། སྣེ་ལེན་སོགས་ཀྱི་འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།


    ཀྲང་ཝུའེ་ཏུང་གིས་ཉེ་དུས་ཀྱི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གྲ་སྒྲིག་ལས་དོན་གྱི་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་འཛམ་གླིང་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོ་གཉེར་བ་དེ་ནི་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དང་། དུས་ཚོད་ཧྲིལ་པོའི་ཡུལ་སྐོར། རྒྱུ་རྐྱེན་གཙོ་བོའི་ཡུལ་སྐོར་བཅས་འཕེལ་རྒྱས་གཏོང་བའི་ལག་ལེན་དངོས་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འབབ་འཕར་ཆེ་རུ་གཏོང་བ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་བདེ་ཆེན་འགྲེམས་ཚོང་དང་བདེ་ཆེན་གྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་བའི་དགོས་མཁོ་ཞིག་ཀྱང་རེད་ཅེས་གསུངས།

    ཀྲང་ཝུའེ་ཏུང་གིས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློའི་ངོས་འཛིན་མཐོ་རུ་བཏང་ནས་དུས་ཆེན་གཉེར་བའི་གལ་ཆེའི་རང་བཞིན་གསལ་པོ་བཟོས་ནས་བྱེད་སྒོ་ཁག་བདེ་འཇགས་དང་གོ་རིམ་ལྡན་པ། བདེ་བླག་ངང་ཕུན་སུམ་ཚོགས་པོ་ཡོང་བའི་འགན་ལེན་བྱེད་དགོས འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་སྤྱི་འདོམས་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་ཞིབ་ཕྲའི་བསམ་གཞིག་ཞིབ་ཚགས་དང་། བཀོད་སྒྲིག་ཞིབ་ཚགས། ལས་འགན་དོན་འཁྱོལ་གནས་ལ་འཁེལ་བ་བཅས་འགན་ལེན་བྱེད་དགོས། དྲིལ་བསྒྲགས་འཕྲིན་སྤེལ་ལས་དོན་ཏན་ཏིག་གིས་སྒྲུབ་ནས་སྨྱན་སྦྱོར་སྣ་ཚོགས་བེད་སྤྱོད་གང་ལེགས་བྱེད་པ་དང་། ཁྱོན་ཡོངས་དང་། ཟུར་ཚད་མང་བ། གཏིང་ཟབ་པ་བཅས་ཀྱི་སྒོ་ནས་དྲིལ་བསྒྲགས་འཕྲིན་སྤེལ་བྱས་ཏེ་དུས་ཆེན་གྱི་བྱེད་སྒོའི་སྤྲོ་སྣང་འཕེལ་བར་བྱེད་དགོས། བྱེད་སྒོ་ཧྲིལ་པོར་དམིགས་པ་དང་། རྒྱུན་ཆད་མེད་པར་ཇུས་གཞི་ཞིབ་ཕྲ་དང་ལེགས་སུ་གཏོང་བ། རང་འགུལ་ངང་ཆད་ལུས་ཡོད་མེད་ཞིབ་བཤེར་དང་ཁ་གསབ་བཅས་བྱས་ནས་ལས་དོན་སྔོན་ལ་སྒྲུབ་པ་དང་གནད་དོན་ཐག་གཅོད་བྱེད་དགོས། ས་གནས་ས་ཐོག་ཏུ་བཀོད་སྒྲིག་དང་། སྣེ་ལེན་ཞབས་ཞུ། འགྲིམ་འགྲུལ་ཁྲིད་སྟོན། ཁོར་ཡུག་འཕྲོད་བསྟེན། བཟའ་སྡོད་བཀོད་སྒྲིག་སོགས་ཀྱི་ཞབས་ཞུའི་འགན་ལེན་ལས་དོན་ལ་བསམ་གཞིག་ཞིབ་ཚགས་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་བདེ་འཇགས་དང་། བདེ་སྐྱིད། དྲོ་སྐྱིད་བཅས་ཀྱི་ཐོག་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་བསུ་དགོས། ཁུལ་ཡོངས་ཀྱི་རིམ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱས་ནས་ལས་ཀའི་མཉམ་ཤུགས་ཤིག་ཆགས་པ་བྱས་ཏེ་གྲ་སྒྲིག་ལས་དོན་ཁག་ཡག་པོར་བསྒྲུབས་ནས་ཁྱད་ཆོས་ལྡན་པ་དང་། ཕན་འབྲས་ཐོན་པ། ཆུ་ཚད་མཐོ་བ་བཅས་ཡོང་བའི་འགན་ལེན་བྱེད་དགོས་པར་བསྟན་ཡོད།