པོ་ཏ་མཚོའི་སྟོན་ལྗོངས་ལྟ་ན་སྡུག་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


ཡང་ལོ་གཅིག་གི་སྟོན་ཀ་སླེབས་སོང་། ཡུན་ནན་སེམས་ཀྱི་ཉི་ཟླའི་པོ་ཏ་མཚོ་སྤྱི་གླིང་དུ་རི་ཀླུང་ཀུན་ཏུ་གསེར་མདོག་གིས་ཡོངས་སུ་བརྒྱན་པས་ལྟ་ན་སྡུག་ཅིང་། ཡིད་དབང་ཀུན་ནས་འཕྲོག

རི་རྩེ་དང་ནགས་ཚལ། གྲོག་རོང་སོགས་སུ་ཚོན་མདོག་རྣམ་པར་བཀྲ་ལ། ཞོ་རྡོ་མཚོ་ཡང་སྔར་བཞིན་དྭངས་གསལ་མཐིལ་མཐོང་བར་འདུག་པས།སྒྱུ་རྩལ་མཁན་གྱི་པུར་རྩེ་ལས་ཐོན་པའི་རི་མོ་ཞིག་དང་གཉིས་སུ་མ་མཆིས།

 

ཀྱག་ཀྱོག་གི་གདུང་འདེགས་འཕྲང་ལམ་བརྒྱུད་ཅིང་། ལྷིང་འཇགས་ཀྱི་ནགས་ཚལ་དུ་འཆམ་འཆམ་དུ་སོང་ན་མི་རྣམས་ཀྱི་ལུས་སེམས་ལ་ལྷིང་འཇགས་དང་བདེ་སྐྱིད་ཀྱི་ཚོར་སྣང་ཞིག་སྣང་མེད་དུ་བྱུང་བ་རེད།