ལིའུ་ཞའོ་ཁའེ་རང་ཁུལ་དུ་བརྟག་ཞིབ་གནང་སྐབས་སྤུས་ཚད་མཐོ་བའི་ངང་གཙོ་དོན་སློབ་གསོ་སྤེལ་ནས་ཆེད་ལས་གྲོས་མོལ་ལས་ཁུངས་དང་རྒྱལ་གཅེས་འཐབ་ཕྱོགས་གཅིག་འགྱུར་རྩ་འཛུགས་ཀྱི་ནུས་ཤུགས་འདོན་སྤེལ་བྱེད་དགོས་པའི་ནན་བཤད་གནང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་10པའི་ཚེས་11ཉིན་ནས་ཚེས་12ཉིན་བར།ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི།ཏང་ཙུའུ་ཧྲུའུ་ཅི་ལིའུ་ཞའོ་ཁའེ་ཡིས་རུ་སྣེ་ཁྲིད་དེ་རང་ཁུལ་དུ་བརྟག་ཞིབ་གནང་སྐབས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཙོ་དོན་སློབ་གསོ་སྐོར་གྱི་གལ་ཆེའི་གསུང་བཤད་དང་མཛུབ་སྟོན་མཆན་བཀོད་གཏིང་ཟབ་ཀྱིས་སློབ་སྦྱོང་བྱེད་པ་དང་།སྤུས་ཚད་མཐོ་བའི་ངང་གཙོ་དོན་སློབ་གསོ་འབོར་ཐེངས་གཉིས་པ་གཉེར་ནས།ཆེད་ལས་གྲོས་མོལ་ལས་ཁུངས་དང་རྒྱལ་གཅེས་འཐབ་ཕྱོགས་གཅིག་འགྱུར་རྩ་འཛུགས་ཀྱི་ནུས་ཤུགས་འདོན་སྤེལ་གང་ལེགས་བྱས་ནས།།ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་མཆོང་སྐྱོད་འཕེལ་རྒྱས་ཁྲོད་སྲིད་གྲོས་ནུས་ཤུགས་འབུལ་དགོས་པའི་ནན་བཤད་གནང་།

        ལིའུ་ཞའོ་ཁའེ་དང་བཅས་པ་སྔོན་རྗེས་སུ་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་མེ་འཁོར་ས་ཚིགས་དང་ཀོང་རྩེད་ར་ཨ་ཆེན་མ་ཞིང་ལས་ཐོན་རྫས་ཚད་ཡོད་ཀུང་སི།འཇོལ་རྫོང་ས་གཤིས་གནོད་སྐྱོན་བདག་སྐྱོང་ས་ཚིགས།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཡུལ་སྐོར་ལས་རྣམ་གསར་པའི་ས་ཚིགས་ཀྱི་ཡུལ་དངོས་སུ་བརྟག་ཞིབ་གནང་ནས།རང་ཁུལ་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས།གྲོང་གསེབ་དར་སྤེལ་སོགས་ལས་ཀའི་སྐུལ་འདེད་གནས་ཚུལ་གྱི་སྙན་སེང་ཉན་ཏེ།རང་ཁུལ་གྱི་འབྲེལ་ཡོད་ལས་ཀར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་དང་རྒྱུན་མཐུད་ཀྱིས་འགྲིམ་འགྲུལརྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ།ལངས་གཟུགས་འགྲིམ་འགྲུལ་མ་ལག་འཐུས་ཚང་གཏོང་བ།དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་རོགས་རམ་བྱེད་པ།བདེ་ཆེན་གྱི་གནས་བབ་ལེགས་པར་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཡག་པོ་བྱས་ཏེ།ཐོན་ལས་ཀྱིས་གྲོང་གསེབ་དར་རྒྱས་སྣེ་ཁྲིད་བྱེད་པ་དང་མང་ཚོགས་ཀྱི་ཡོང་འབབ་མཐོ་རུ་འཕར་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ།

        དེའི་ཁྲོད་དུ།ལིའུ་ཞའོ་ཁའེ་ཁུལ་དང་རྫོང་སྲིད་གྲོས་ཀྱི་ལས་བྱེད་པ་དང་བཞུགས་མོལ་ཚོགས་འདུ་འཚོགས་ནས།ཁུལ་སྲིད་གྲོས་ཀྱིས་ལས་འགན་སྒྲུབ་པའི་གནས་ཚུལ་གྱི་སྙན་སེང་དང་རྒྱལ་ཡོངས་དང་ཞིང་ཡོངས་སྲིད་གྲོས་ཨུ་ལྷན་གྱི་འབྲེལ་ཡོད་ལས་ཀ་སྐོར་གྱི་གྲོས་གཞི་ཉན་པ་རེད།