སྐབས་དང་པོའི་“འཛམ་གླིང་གི་སེམས་ཀྱི་ཉི་ཟླའི”་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གྲ་སྒྲིག་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    ཟླ་10ཚེས་12ཉིན་རང་ཁུལ་གྱིས་འཛམ་གླིང་གི“སེམས་ཀྱི་ཉི་ཟླའི”རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོ་དང་ཏ་ལི། ས་དམ། བདེ་ཆེན་གསུམ་གྱིས་ཡུན་ནན་ནུབ་བྱང་གི་ཡུལ་སྐོར་སྤུས་ཚད་མཐོ་རུ་གཏོང་བའི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་རོགས་ལས་མཉམ་འབྲེལ་ཚོགས་འདུའི་གྲ་སྒྲིག་ལས་དོན་གྱི་སྐུལ་འདེད་མཉམ་འབྲེལ་ཐོག་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་།  ཚོགས་འདུས་གྲ་སྒྲིག་ལས་དོན་ཁག་ཞིབ་ཚགས་དང་ཏན་ཏིག་བསྒྲུབས་ཏེ། རིག་གནས་ཡུལ་སྐོར་དུས་ཆེན་གཉེར་རྒྱུ་གོ་སྐབས་སུ་བྱས་ཤིང་། བདེ་ཆེན་གྱི་དགུན་དུས་ཡུལ་སྐོར་གྱི་ལས་དོན་ཡག་པོ་བསྒྲུབ་དགོས་པ་ནན་གྱིས་བསྟན་པ་རེད།

    ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་།

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁུལ་ཀྲང་ཝེ་ཏུང་ཚོགས་འདུར་ཞུགས།
    ཚོགས་འདུའི་ཐོག་བདེ་ཆེན་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་། ཁྲོམ་ར་ཅན་གྱི་ཕྱོགས་སྟོན་མཐའ་འཁྱོངས་བྱས་ཏེ་ཁྲོམ་རའི་བྱེད་པོ་རིམ་བཞིན་སྐྱེད་སྲིང་དང་སྟོབས་ཆེར་གཏོང་དགོས།
    ཚོགས་འདུས་སྐབས་དང་པོའི་རིག་གནས་ཡུལ་སྐོར་དུས་ཆེན་གཉེར་བར་བདེ་འཇགས་དང་སྒྲིག་ལམ་ཡོད་པ། གོ་རིམ་ལྡན་པ། གྲོན་ཆུང་ཡོད་པ། ཕན་འབྲས་དངོས་ཐོན་ཡིན་པ་བཅས་བྱེད་དགོས་པ། བདེ་འཇགས་ཨང་དང་པོར་བཞག་ནས་ཚོགས་དོན་དང་འགྲིམ་འགྲུལ་འགན་ལེན། ལམ་ཁོངས་ཁོར་ཡུག་བཅོས་སྒྲིག་རིམ་སྤོར། བདེ་འཇགས་འགན་ལེན་སོགས་ཀྱི་གྲ་སྒྲིག་ལས་དོན་ཁག་ཞིབ་ཚགས་དང་ཏན་ཏིག་བསྒྲུབ་དགོས་པ། གོ་རིམ་ལྡན་པ་དང་བླང་བྱ་གཞིར་བཟུང་འབྲེལ་ཡོད་ལས་དོན་ཁག་ཡག་པོ་བསྒྲུབ་དགོས་པ། གྲོན་ཆུང་བསྲི་ཚགས་དང་དངོས་སྒྲུབ་ནུས་ཆེའི་རྩ་དོན་གཞིར་བཟུང་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་ནན་པོ་བྱེད་པ་དང་བརྩོན་བསྲིས་ཚོགས་འདུ་གཉེར་དགོས་པ། ཕན་འབྲས་དངོས་ལ་སྣང་ཆེན་བྱས་ཏེ་སྐབས་དང་པོའི་རིག་གནས་ཡུལ་སྐོར་དུས་ཆེན་གཉེར་རྒྱུ་གོ་སྐབས་སུ་བྱས་ཏེ། མི་དེ་བས་མང་བ་བདེ་ཆེན་དུ་སྐྱོད་པ་དང་བདེ་ཆེན་ཤེས་རྟོགས་བྱེད་པ། བདེ་ཆེན་གྱིས་དོ་ཁུར་བྱེད་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན།