བར་སྣང་ནས་པོ་ཏ་མཚོར་ལྟ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-12   རྩོམ་ཁུངས།    中国藏族网通





    རྒྱལ་སྟོན་དུས་ཆེན་རིང་སེམས་ཀྱི་ཉི་ཟླ་ཕུ་འདའ་མཚོ་རྒྱལ་ཁབ་སྤྱི་གླིང་དུ་ཐད་འཕུར་གནམ་གྲུ་དང་དབུགས་ལྒང་བསྡད་དེ་བར་སྣང་དམའ་མོའི་ལྗོངས་གཟིགས་རོལ་མྱོང་ཡུལ་སྐོར་རྣམ་གྲངས་གསར་དུ་བསྣན་ནས། ཡུལ་སྐོར་པས་བར་སྣང་ནས་ངོ་མཚར་ཆེ་ཞིང་རྔམ་བརྗིད་ལྡན་པའི་ཕུ་འདའ་མཚོའི་མཛེས་ལྗོངས་ལ་གཟིགས་པ་རེད། 
ལྗོངས་ཁུལ་གྱིས་བར་སྣང་དམའ་མོ་ནས་ལྗོངས་གཟིགས་བྱེད་པའི་ཡུལ་སྐོར་རྣམ་གྲངས་དེས་ཡུལ་སྐོར་པ་མང་པོའི་ཡིད་དབང་བཀུགས་ནས་རོལ་མྱོང་བྱེད་དུ་ཡོང་བ་དང་། ཡུལ་སྐོར་པས་བར་སྣང་ནས་ཐུན་མོང་མ་ཡིན་པའི་འཕུར་བསྐྱོད་ཉམས་ལེན་བྱེད་ཐུབ་པ་མ་ཟད། ཕུ་འདའ་མཚོའི་མཛེས་ལྗོངས་མིག་ལམ་དུ་མངོན་ཞིང་ཐུན་མོང་མ་ཡིན་པའི་འཕུར་བསྐྱོད་ཉམས་མྱོང་གིས་ཡུལ་སྐོར་པ་ཚོར་མཐོང་ཐོད་གསར་བ་ཐོན་ནས་ཞེན་ཆགས་ལོག་བརྗེད་པ་ཞིག་རེད།
“རང་བྱུང་ཁམས་དང་ཉེ་བར་བཅར་བའི་གོ་རིམ་ཁྲོད། དབུགས་ལྒང་རོལ་མྱོང་རྣམ་གྲངས་དེ་ནི་གདམ་གསེས་ཡག་པོ་ཞིག་ཡིན་ལ། བར་སྣང་ནས་རང་དབང་སྒོས་འཕུར་ན་ཕུ་འདའ་མཚོ་རྒྱལ་ཁབ་སྤྱི་གླིང་གི་མཛེས་ལྗོངས་རོལ་མྱོང་བྱེད་ཐུབ་པས། དངོས་གནས་བརྗེད་དཀའ་བའི་དོན་དག་ཅིག་རེད”ཅེས་ཀོང་ཀྲུའུ་ནས་ཡོང་བའི་ཡུལ་སྐོར་པ་སྐུ་ཞབས་ལུའུ་ཡིས་དེ་ལྟར་བརྗོད། །