ཀྲང་ཝེ་ཏུང་གིས་དོན་གྲུབ་གླིང་དུ་“སློབ་གསོ་བཞིའི”སྒྲོག་འགྲེལ་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-12   རྩོམ་ཁུངས།    ​སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་10པའི་ཚེས་10ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་དོན་གྲུབ་གླིབ་དུ་“རྒྱལ་ཁབ་འདུ་ཤེས་དང་སྤྱི་དམངས་འདུ་ཤེས། ཁྲིམས་སྐྱོང་འདུ་ཤེས། དྲིན་ཚོར་འདུ་ཤེས”ཞེས་པའི་བསམ་བློའི་སློབ་གསོ་སྒྲོག་འགྲེལ་གནང་བ།

        སྒྲོག་འགྲེལ་གནང་སྐབས། ཀྲང་ཝེ་ཏུང་གིས་དོན་གྲུབ་གླིང་གི་དངོས་ཡོད་གནས་ཚུལ་དང་འབྲེལ་ནས།གོ་སླ་བའི་སྐད་ཆའི་ཐོག་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་ཞིག་ཡིན་པའི་ཆ་ནས་རྒྱལ་ཁབ་འདུ་ཤེས་དང་སྤྱི་དམངས་འདུ་ཤེས།ཁྲིམས་སྐྱོང་འདུ་ཤེས།དྲིན་ཚོར་འདུ་ཤེས་བཅས་ཅིའི་དོན་དུ་ཤུགས་ཆེར་གཏོང་དགོས་པ་དང་ཅི་འདྲས་ཤུགས་ཆེར་གཏོང་དགོས་པའི་སྐོར་ལ་དམིགས་ནས་སྒྲོག་བཤད་གནང་བ་རེད།

        ཀྲང་ཝེ་ཏུང་གིས་རིམ་ཁག་གི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་སྡེ་ཁག་གིས་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་ཞུགས་འདོད་པའི་རྣམ་པ་བརྒྱུད་ནས་གོ་སླ་བའི་སྐད་ཆ་བཤད་ནས།ཏང་ཡོན་ལས་བྱེད་པ་དང་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་མཉམ་དུ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་རྒྱལ་ཁབ་ཁྲིམས་ལུགས་ཁྲིམས་སྲོལ།སྐབས་དོན་ཆབ་སྲིད།བོད་བརྒྱུད་ནང་བསྟན་གྱི་གཞི་རྩའི་ཤེས་བྱ་བཅས་སློབ་སྦྱོང་བྱས་ནས།བསམ་བློའི་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

        ཀྲུང་ཝེ་ཏུང་གིས་ད་དུང་དོན་གྲུབ་གླིང་གི་དགོན་པའི་དོ་དམ་ལས་ཀའི་གནས་ཚུལ་དང་དགུ་གཏོར་གྲ་སྒྲིག་ལས་ཀའི་གནས་ཚུལ་གྱི་སྙན་ཞུ་ཉན་ནས།འབྲེལ་ཡོད་ལས་ཀ་བཀོད་སྒྲིག་གནང་བ་རེད།