ལུའོ་ཁྲའོ་ཧྥུང་གིས་ཀོང་རྩེད་ར་གྲོང་རྡལ་དུ་གཙོ་དོན་སློབ་གསོའི་སྐོར་ལ་བརྟག་དཔྱད་གནང་སྐབས་“སྔོན་འགོག”དང་“ཐག་གཅོད”བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་བདེ་ཆེན་གྱི་ཡུན་རིང་བདེ་འགོད་སྟོབས་ཤུགས་གང་ཡོད་ཀྱིས་འགན་སྲུང་བྱེད་དགོས་པའི་ནན་བཤད་གནང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་10པའི་ཚེས་8ཉིན།ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥུང་གིས་གཙོ་དོན་སློབ་གསོ་དང་འབྲེལ་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་གཙོ་དོན་ལ་དམིགས་ནས་འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་དུ་བརྟག་དཔྱད་གནང་བ།ལུའོ་ཁྲའོ་ཧྥུང་གིས་“སྔོན་འགོག”དང་“ཐག་གཅོད”བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་སྟོབས་ཤུགས་གང་ཡོད་ཀྱིས་བདེ་ཆེན་གྱི་ཡུན་རིང་བདེ་འགོད་ལ་འགན་སྲུང་བྱེད་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ།

        ཀོང་རྩེད་ར་ཕྱོགས་བསྡུས་ཞིབ་བཤེར་ས་ཚིགས་དང་ཀོང་རྩེད་ར་སྤྱི་བདེ་མངག་གཏོང་ཁང་དུ་ལུའོ་ཁྲའོ་ཧྥུང་གིས་བློ་རིག་སྤྱི་བདེ་འཛུགས་སྐྲུན་དང་གཞི་རིམ་གྱི་སྤྱི་ཚོགས་བདག་སྐྱོང་།ཁྲིམས་ལུགས་ཁྱབ་བརྡལ་གྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་ལ་ཤུགས་སྣོན་བྱས་ནས་འགལ་བའི་རྩོད་གླེང་འབད་བརྩོན་གྱིས་གཞི་རིམ་དུ་ཐག་བཅོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

        ཤོག་གསུམ་གྲོང་སྡེར་ལུའོ་ཁྲའོ་ཧྥུང་གིས་ས་ཆ་དེ་གའི་གནས་བབ་ཡག་པོ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཡག་པོ་བཏང་ནས་ཐབས་ལམ་མང་པོའི་ཐོག་མང་ཚོགས་ཀྱི་ཡོང་འབབ་འཕར་བ་དང་།ཏང་གི་འཛུགས་སྐྱོང་གི་སྣེ་ཁྲིད་བྱས་ནས་གཞི་རིམ་དྲ་མིག་ཅན་གྱི་བདག་སྐྱོང་བྱེད་ཤུགས་མཐོ་རུ་གཏོང་དགོས་ཞེས་བསྟན།

        ལུའོ་ཁྲའོ་ཧྥུང་གིས་ཤོག་གསུམ་གྲོང་མིའི་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་མི་སྣ་དང་བཞུགས་མོལ་གནང་ནས་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་ཡག་པོ་བྱེད་པ་དང་གཞི་རིམ་རྨང་གཞིའི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ།མང་ཚོགས་ཀྱི་ལས་ཀ་དང་རུ་ཁག་གི་འཛུགས་སྐྲུན་བཅས་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ།

        ལུའོ་ཁྲའོ་ཧྥུང་གིས་ད་དུང་དོན་གྲུབ་གླིང་དགོན་པའི་དོ་དམ་ཅུས་དང་ཟངས་གྲུབ་དགོན་དུ་དགོན་པའི་དོ་དམ་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ལས་ཀར་བརྟག་ཞིབ་གནང་བ།ལུའོ་ཁྲའོ་ཧྥུང་གིས་“ཚད་གཞི་བཞིའི་”གཙོ་དོན་སློབ་གསོ་གཏིང་ཟབ་ཏུ་བཏང་ནས་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་བདེ་ཆེན་ལག་བསྟར་གཏིང་ཟབ་ཏུ་བྱེད་དགོས་པའི་བླང་བྱ་བཏོན།