ལུའོ་ཁྲའོ་ཧྥེང་གིས་ཉི་ཤར་ཤང་དུ་གཙོ་དོན་སློབ་གསོ་སྐོར་བརྟག་ཞིབ་གནང་སྐབས་ཏང་གི་སྲིད་སྐྱོང་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ནས་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་ངང་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱེད་དགོས་པའི་ནན་བཤད་གནང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་10པའི་ཚེས་9ཉིན།ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་དུ་གཙོ་དོན་སློབ་གསོའི་སྐོར་ལ་བརྟག་ཞིབ་གནང་བ།ལུའོ་ཁྲའོ་ཧྥེང་གིས་བརྟན་ལྷིང་དང་འཕེལ་རྒྱས།སྐྱེ་ཁམས།མཐའ་མཚམས་བརྟན་བརླིང་བཅས་“དོན་ཆེན་བཞི”དམ་འཛིན་བྱས་ནས།ཏང་གི་སྲིད་སྐྱོང་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་བ་དང་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་ངང་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ།

        ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་ཀྱི་རིམ་ཁག་སྡེ་ཚན་སོ་སོས་ཆབ་སྲིད་ཀྱི་ཚོར་སྐྱེན་རང་བཞིན་མཐོར་འདེགས་བཏང་ནས་མེས་རྒྱལ་གཅིག་འགྱུར་དང་མི་རིགས་མཐུན་སྒྲིལ་ལ་རང་རྟོགས་ཀྱིས་སྲུང་སྐྱོང་བྱེད་པ།སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ།ཁུལ་ཡོངས་རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཆབ་སྲིད་འདུ་ཤེས་དང་སྲིད་དབང་འདུ་ཤེས།གཡུལ་སའི་འདུ་ཤེས་བཅས་མཐོ་རུ་བཏང་ནས།ཚད་མཐོའི་ངང་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཀྱི་ཐོག་ཕྱོགས་ཡོངས་ནས་གཞི་རིམ་ཏང་རྩ་འཛུགས་དང་གཞི་རིམ་སྲིད་དབང་འཛུགས་སྐྲུན་ཤུགས་ཆེར་གཏོང་དགོས་པའི་ནན་བཤད་གནང་བ་རེད།