ནགས་ཕག་མཚོར་ཁྲུང་ཁྲུང་སྐོར་ཁག་དང་པོ་དགུན་སྐྱེལ་དུ་འཕུར་ཡོང་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་10ཚེས་9ཉིན་ནགས་ཕག་མཚོའི་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་སྲུང་སྐྱོང་ཅུས་ཀྱི་ལས་དོན་མི་སྣས་འཆར་ཅན་གྱི་སྐོར་ཞིབ་སྲུང་སྐྱོང་བྱེད་སྐབས། ཁྲུང་ཁྲུང་སྐེ་ནག་5ལ་ལྟ་ཞིབ་ཚད་ལེན་བྱས་པ་རེད།དེ་ནི་ད་ལོ་ནགས་ཕག་མཚོའི་རྒྱལ་སྤྱིའི་བརླན་སར་དགུན་སྐྱེལ་དུ་ཡོང་བའི་ཁྲུང་ཁྲུང་སྐེ་ནག་ཁག་དང་པོ་དེ་ཡིན་པ་རེད།

    ནགས་ཕག་མཚོའི་རྒྱལ་སྤྱིའི་བརླན་ས་གཙོ་བོ་ནི་ཁྲུང་ཁྲུང་སྐེ་ནག་དབུས་རྒྱུད་ཀྱི་དགུན་སྐྱེལ་ཁྱུ་ཚོགས་ཀྱི་འཚོ་གནས་ཁུལ་གཙོ་བོ་དེ་ཡིན་པ་དང་། ཁྱུ་ཚོགས་དེ་མཚོ་སྔོན་གྱི་ཤར་ལྷོའི་རྒྱུད་དང་དེ་བཞིན་སི་ཁྲོན་གྱི་ནུབ་རྒྱུད་དུ་སྐྱེ་འཕེལ་བྱས་ཏེ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ནགས་ཕག་མཚོ་དང་བལ་འཐག་རྒྱ་མཚོ་སོགས་བརླན་སར་དགུན་སྐྱེལ་བ་རེད།

图片

    ཉེ་བའི་ལོ་ཤས་རིང་གི་ལྟ་ཞིབ་ཚད་ལེན་བྱས་འབྲས་ལས་མངོན་པ་ལྟར་ན། ནགས་ཕག་མཚོའི་ཁྲུང་ཁྲུང་སྐེ་ནག་སྤྱིར་བཏང་ལོ་རེའི་ཟླ་9པའི་ཟླ་མཇུག་གམ་ཡང་ན་ཟླ་10པའི་ཟླ་སྟོད་དུ་སྔ་རྗེས་སུ་གནས་འདིར་འཕུར་ཡོང་ལ། ཕྱི་ལོའི་ཟླ་5པའི་ཟླ་མཇུག་ཏུ་གནས་སྤོས་ཟིན་ནས་དགུན་སྐྱེལ་གྱི་དུས་ཚོད་ས་གཞན་དང་བསྡུར་ན་གསལ་གྱིས་རིང་བ་རེད། ནགས་ཕག་མཚོར་དགུན་སྐྱེལ་བའི་ཁྲུང་ཁྲུང་སྐེ་ནག་ཀྱང་ལོ་ལྟར་བརྟན་པོའི་ངང་འཕར་བཞིན་ཡོད་དེ། 2022ལོ་ནས་2023ལོའི་བར་གྱི་དགུན་དུས་སུ་510བར་འཕར་ཡོད་པ་རེད།

图片

    ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་གྱི་འགྱུར་ལྡོག་གི་ཁྱད་ཆོས་ཤེས་རྟོགས་གང་ལེགས་བྱ་ཆེད། ཟླ་3པར་ཁྲུང་ཁྲུང་སྐེ་ནག་508ལྟ་ཞིབ་ཚད་ལེན་ཐུབ་པ་དང་། ཟླ་4པར་གྲངས་འབོར་460བར་ཆག་པ། ཟླ་5པར་320ཟླ་6པར་110ཟླ་7པར་52ཟླ་8པར་12བར་མང་དུ་ཕྱིན་པ། ཟླ་9པར་སྔར་བཞིན་བྱ་2ནགས་ཕག་མཚོ་རུ་ཡོད་ལྟ་ཞིབ་ཚད་ལེན་བྱེད་ཐུབ། ལྟ་ཞིབ་ཚད་ལེན་གྱི་གྲངས་གཞིའི་ཐོག་ནས་ཁྲུང་ཁྲུང་སྐེ་ནག་ཁག་གཅིག་ལ“དགུན་སྐྱེལ་ནས་གཞིས་སྲུང་བར”འགྱུར་བ་བྱུང་བ་མཚོན་ཡོད་ལ། ནགས་ཕག་མཚོའི་རྒྱལ་སྤྱིའི་བརླན་སའི་ཁོར་ཡུག་ཉིན་བཞིན་ལེགས་སུ་འགྲོ་བ་དང་དེ་བཞིན་དགུན་སྐྱེལ་ཁྲུང་ཁྲུང་སྐེ་ནག་དང་དེ་བཞིན་དབྱར་སྒྲོལ་གྱི་ཁོར་ཡུག་ལེགས་སུ་འགྲོ་རྒྱུར་ཡང་གང་ལེགས་མཚོན་ཡོད།

图片

    ནགས་ཕག་མཚོ་ནི་ཀྲུང་གོའི་ནུབ་རྒྱུད་འཕྲེད་བཅད་རི་ཁུལ་གྱི་དུས་བྱ་གནས་སྤོ་བྱེད་པའི་བགྲོད་ལམ་དུ་གནས་ཤིང་། དུས་བྱ་མང་པོ་གནས་སྤོ་བྱེད་པའི་ལམ་བར་གྱི་ངལ་གསོ་བྱེད་ས་དང་དགུན་སྐྱེལ་བྱ་ཡུལ་ཡིན། དྲོད་ཚད་རིམ་བཞིན་མར་ཆག་པ་དང་བསྟུན་ནས་དུས་བྱ་མང་པོ་སྟོན་ཁའི་གོམ་སྟབས་དང་བསྟུན་ནས་ནགས་ཕག་མཚོར་དགུན་སྐྱེལ་བྱ་རྒྱུ་དང་ནགས་ཕག་མཚོ་ཡིས་ལོ་གཅིག་དུས་གཅིག་གི་དུས་བྱ་དགུན་སྐྱེལ་གནས་སྤོ་བྱེད་པའི་དུས་ཚིགས་བསུས་པ་རེད།

图片

    ནགས་ཕག་མཚོའི་འབབ་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། བརླན་ས་སྲུང་སྐྱོང་དང་ཉམས་གསོའི་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་བ། དམངས་ཡོངས་བརླན་ས་སྲུང་སྐྱོང་ནང་ཞུགས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ནགས་ཕག་མཚོའི་རྒྱལ་སྤྱིའི་བརླན་ས་གལ་ཆེན་གྱི་སྣོད་བཅུད་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ། ནགས་ཕག་མཚོའི་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་སྲུང་སྐྱོང་ཅུས་ཀྱིས་རྒྱུན་གཏན་གྱི་སྐོར་ཞིབ་སྲུང་སྐྱོང་དང་ལྟ་ཞིབ་ཚད་ལེན་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དགུན་དུས་དུས་བྱ་བདེ་འཇགས་དང་སྐྱིད་སྣང་དོད་པའི་འཚོ་སྡོད་ཁོར་ཡུག་མཁོ་འདོན་བྱས་རེད།།