སེམས་ཀྱི་ཉི་ཟླའི་ཞོ་ཁོག་ལ་ལོ་ལེགས་བྱུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    

    སྟོན་ཟླ་བཅུ་བར་ཞིང་གི་འབྲུ་རིགས་མཛོད་ལ་འཇུག་པའི་རྗོགས་ལྡན་གྱི་དུས་ཚིགས་འདིར། ཡང་ཐང་གྲོང་རྡལ་གྱི་ཞོག་ཁོག་ལོ་ལེགས་བྱུང་ནས་མཐའ་མའི་དུས་སུ་སླེབས་ཤིང་། ཞིང་ཁ་ན་ཞིང་བ་རྣམས་ཀྱིས་ཞོ་ཁོག་བསྡུ་བའི་བྲེལ་འཚུབ་ཀྱི་རྣམ་པ་མཐོང་།  འཕྲུལ་ཆས་དང་མིས་བཟོས་ཟུང་དུ་འབྲེལ་གྱི་བརྔ་བསྡུ་བྱེད་སྟངས་སྤྱད་དེ་ཞོག་ཁོག་བརྔ་བསྡུའི་མྱུར་ཚད་མགྱོགས་སུ་བཏང་བས་ལོ་ལེགས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད་པ་རེད།

    ཉེ་ཆར།རྒྱལ་ཐང་གྲོང་རྡལ་བཅིངས་འགྲོལ་གྲོང་ཚོའི་ཞོག་ཁོག་ལ་ལོ་ལེགས་བྱུང་བས། སློག་པ་དང་དབྱེ་བ་འབྱེད་པ། ཐུམ་རྒྱག་པ་སོགས་ཚང་མས་ལས་བགོས་མཉམ་ལས་བཅས་བྱས་པས། ཞིང་ཁ་དང་མུ་ཁར་བྲེལ་ཟིང་ཆེ་བའི་རྣམ་པ་ཞིག་མཐོང་།