སེམས་ཀྱི་ཉི་ཟླའི་སྟོན་ལྗོངས་ཀྱིས་ཡུལ་སྐོར་བའི་མིག་དབང་འཕྲོག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 

 ཉེ་ཆར།སེམས་ཀྱི་ཉི་ཟླ་སྟོན་ཁའི་རྣམ་པས་ཁེངས་ཤིང་། མཛེས་སྡུག་ཡིད་འོང་གི་སྟོན་ལྗོངས་ཀྱིས་ཡུལ་སྐོར་བའི་ཡིད་སེམས་དབང་མེད་འཕྲོག


    འབའ་ལྷག་དཀར་རྫོང་གི་ལྗོངས་ཁུལ་གྱི་མཛེས་སྡུག་ལྡན་པའི་མཛེས་ལྗོངས་དང་སྤུས་ལེགས་ཀྱི་སྒྲིག་བཀོད། སྤུས་ལེགས་ཀྱི་ཞབས་ཞུར་རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བའི་བསྔགས་བརྗོད་ཐོབ་ཅིང་། འབའ་ལྷག་དཀར་རྫོང་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་རྒྱུན་ཆད་མེད་པར་བྱུང་།

    ཟླ་10པར་སེམས་ཀྱི་ཉི་ཟླའི་སྤང་ཐོག་གི་རེ་ལྕག་མེ་ཏོག་རིམ་བཞིན་དམར་པོར་གྱུར་ནས་ཡུལ་སྐོར་བ་མང་བོའི་སྣང་བ་འཕྲོག་ལ། གང་ས་གང་དུ་པར་རྒྱག་དང་རྩེད་དགའ་བྱེད་པའི་སྣང་ཚུལ་མཐོང་།