བད་ནག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    བད་ནག་ནི་དུས་ཚིགས་ཉི་ཤུ་རྩ་བཞིའི་ནང་གི་དུས་ཚིགས་བཅུ་བདུན་པ་ཡིན་ལ། སྟོན་འགོ་ཚུགས་པ་དང་གནམ་གཤིས་ཇེ་འཁྱགས་ནས་ཇེ་འཁྱགས་སུ་འགྲོ་བ་མཚོན་ཡོད། བད་ནག་དུས་ཚིགས་ཀྱི་རྗེས་སུ་ཉིན་དཀར་རིམ་བཞིན་ཐུང་དུ་འགྲོ་བ་དང་། མཚན་མོ་རིམ་བཞིན་རིང་དུ་འགྲོ་བ་རེད། ཉི་འོད་ཕོག་ཚད་ཉུང་དུ་སོང་ནས་ཚ་རླུང་རིམ་བཞིན་མེད་ཅིང་གྲང་ངར་རིམ་བཞིན་ཆེ་རུ་འགྲོ། ཉིན་མཚན་གྱི་དྲོད་ཚད་ལ་ཧེ་བག་ཅུང་ཆེ་ཞིང་། ཞོགས་པ་དང་དགོང་མོའི་དུས་སུ་གྲང་ངར་གྱི་ཚོར་བ་ཅུང་ཆེ་བར་ཡོད།