མེ་ཏོག་གསོ་བར་དགའ་བའི་བདག་གི་ཨ་ཞང་དཀོན་མཆོག་དཔལ་ལྡན་ལགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།



    ད་ལོའི་རྒྱལ་སྟོན་གུང་གསེང་གི་སྐབས་སུ་ཨ་ཞང་ལགས་ལ་བདེ་འདྲི་རུ་སོང་། ངའི་ཨ་ཞང་ནི་མེ་ཏོག་གསོ་བར་ཧ་ཅང་དགའ་བའི་མི་ཞིག་ཡིན། ཁོའི་མེ་ཏོག་ལྡུམ་ར་ནང་དུ་མེ་ཏོག་སྣ་ཚོགས་བཏབ་ཡོད། ལུག་མིག་མེ་ཏོག་དང་།  མེ་ཏོག་ཤིང་ཅུ་གང་། འཕང་མའི་མེ་ཏོག ད་དུང་མེ་ཏོག་རྒྱ་སེ་སོགས་ཡོད། མེ་ཏོག་འདི་དག་ལ་དུས་དང་རྣམ་པ་ཀུན་ཏུ་ཡིད་དབང་འཕྲོག་པའི་དྲི་ཞིམ་འཐུལ་ཡོད། ཁ་དོག་སྣ་ལྔ་རྣམ་པར་བཞད་པའི་མེ་ཏོག་གི་ཁྲོད་དུ་དལ་གྱིས་བསྐྱོད་ན། སྣ་ལམ་དུ་འཐུལ་བའི་དྲི་ཞིམ་གྱིས་མི་སེམས་ལ་བདེ་སྣང་བཤད་མི་ཤེས་པ་ཞིག་སྦྱིན་པ་དང་། མི་སེམས་ལྷོད་ལ་འབབ་ཏུ་འཇུག་ཐུབ།

    ཨ་ཞང་ལགས་ཀྱིས་མེ་ཏོག་གསོ་བ་ནི་བཟོད་སེམས་དང་ཞིབ་ཚགས་ཀྱི་བྱ་བ་ཞིག་ཡིན་པས་མི་ཚེ་ཡང་དེ་དང་འདྲ་རེད། ང་ཚོ་རང་བྱུང་ཁམས་དང་ཉེ་བར་བཅར་ཏེ་མེ་ཏོག་གི་མཛེས་པ་ལོངས་སུ་སྤྱད་ན། སེམས་པ་སྐྱིད་ཅིང་ལུས་ཁམས་བདེ་ཐང་ཡོང་བར་ཕན། མེ་ཏོག་གསོ་བ་དང་མེ་ཏོག་གི་མཛེས་པ་ལོངས་སུ་སྤྱོད་པ་ནི་ལུས་སེམས་བདེ་ཐང་ཡོང་བར་ཕན་པའི་བྱ་འགུལ་ཞིག་ཡིན་ལ། བསམ་བློར་ཤུགས་རྐྱེན་བཟང་པོ་ཐེབས་པ་དང་ལུས་ཟུངས་གསོ་བར་ཕན་པ་ཆེན་པོ་ལྡན་པ་དང་། མེ་ཏོག་གསོ་བའི་བརྒྱུད་རིམ་ནི་མི་ཚེ་མྱོང་ཚོར་ཞིག་ཀྱང་ཡིན་ཟེར། མེ་ཏོག་གསོ་བའི་བརྒྱུད་རིམ་ཁྲོད་ང་ཚོས་དེའི་ཁྲོད་ནས་མི་ཚེའི་གནས་ལུགས་བསྡུ་ལེན་བྱེད་རྒྱུ་ཡོད་དེ་རང་ཉིད་ལ་སྔར་ལས་བློ་གྲོས་དང་བློ་བརྟན་འགྱུར་མེད་ཡོང་བ་བྱེད་དགོས་ཞེས་བཤད་བྱུང་། ཁོས་ང་ཚོས་མུ་མཐུད་དུ་སློབ་སྦྱོང་དང་ཚོད་ལྟ་བྱས་ན་ད་གཟོད་མེ་ཏོག་སྔར་ལས་རྣམ་པར་བཀྲ་བ་དང་ལོ་འདབ་རྒྱས་པ། དེ་དང་འདྲ་བར།་མི་ཚེ་ལ་ཡང་མུ་མཐུད་དུ་སློབ་སྦྱོང་དང་ཚོད་ལྟ་བྱས་ན་ད་གཟོད་མུ་མཐུད་དུ་རང་ཉིད་མཐོར་འདེགས་གཏོང་ཐུབ།