རྡོ་མཁར་རྫོང་གི་བོད་ཟས་ལ་འཛད་སྤྱོད་པས་གདེང་འཇོག་ཐོབ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    རྒྱལ་སྟོན་དུས་ཆེན་ཐོན་པ་ན།   རྡོ་མཁར་རྫོང་གི་སྲང་ལམ་ཀུན་དུ་མི་ཚོགས་ཀྱི་འཁྲུག་ཆ་ཆེ་ཞིང་།  མ་ཎི་སྟོང་འཁོར་གྱི་ཉེ་འགྲམ་དང་།  ཕྱོགས་བཞིའི་སྲང་ལམ་བཅས་སུ་པར་བསྐྱོན་མཁན་དང་འཆམ་འཆམ་དུ་འགྲོ་མཁན།  སྐོར་བྲོར་ལྟད་མོ་བལྟ་མཁན་སོགས་ཤིན་ཏུ་མང་།  ལྷག་པར་བོད་ཟས་ཁང་དུ་བོད་ཟས་ཟ་མཁན་མང་དྲགས་ནས་གྲལ་བསྒྲིགས་པའི་སྣང་ཚུལ་ཡང་བྱུང་ཡོད་ཅིང་།  སེམས་ཀྱི་ཉི་ཟླར་ཡུལ་སྐོར་དུ་ཡོང་ན་བོད་ཟས་ཟ་བ་ནི་ཡུལ་སྐོར་བས་རེ་སྒུག་དང་གདེང་འཇོག་བྱ་ས་གཙོ་བོ་ཞིག་ཏུ་ཆགས་ཡོད། 
    རྡོ་མཁར་རྫོང་ཟམ་པ་རོལ་སྲང་ལམ་ན་ཡོད་པའི་རེབ་གོང་གསེར་ལྗོངས་བོད་ཟས་གླིང་ལ་མཚོན་ནའང་ཉིན་འདི་གར་བོད་ཟས་ཟ་མཁན་ཤིན་ཏུ་མང་།  ཁྲིན་ཏུའུ་ནས་ཐོན་པའི་ཡུལ་སྐོར་བ་ཀྲང་སྲས་མོས་བཤད་ན།   ངས་སྔར་ནས་བོད་ཟས་སྐོར་ལ་རྒྱུས་ལོན་མང་པོ་བྱས་མྱོང་ཡོད།   ང་རང་ཆེས་དགའ་ས་ནི་བོད་ཟས་ཁྲོད་ཀྱི་འོ་ཇ་དང་རྩམ་པ།  སྐམ་ཤའི་རྒྱ་ཁོག་ཡིན།  ད་ཐེངས་ཆེད་དུ་ཟ་ཁང་འདིར་ཡོང་ནས་སྐམ་ཤའི་རྒྱ་ཁོག་དང་ཤ་ཚོད་བདམས་པ་ཡིན།  བོད་ཟས་ཀྱི་བྲོ་བ་ངོ་མ་ཞིམ་པོ་འདུག    ཕྱིར་ཕ་ཡུལ་དུ་ལོག་རྗེས་ཀྱང་བྲོ་བ་འདི་དྲན་རྒྱུ་རེད།  རྗེས་མར་སེམས་ཀྱི་ཉི་ཟླར་ཡུལ་སྐོར་དུ་ཡོང་ན་སླར་ཡང་བོད་ཟས་ཟ་རྒྱུ་ཡིན་ཟེར།