བདེ་ཆེན་གྱི་ཡུལ་སྐོར་པར་ལེན་གྱི་ཁྲོམ་རེར་ལེགས་བཅོས་བྱས་པས་ཕན་འབྲས་ཆེན་པོ་ཐོབ་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།    ཉེ་སྔོན་བོད་འབྲེལ་ས་ཁུལ་གྱི་ས་གནས་དམངས་ཚོགས་འགའ་རེས་བོད་གོས་གྱོན་སྟངས་ལུགས་མཐུན་མིན་པ་དང་འོས་འཚམས་མིན་བའི་སྣང་ཚུལ་འགའ་རེ་པར་བླངས་སྟེ་དྲ་ཐོག་ཏུ་བཞག་པས་དྲ་ཐོག་ཏུ་འུར་ཆེན་པོ་སླངས།  སྣང་ཚུལ་དེར་ས་གནས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་དོ་སྣང་བྱས་ལ། ལྷག་པར་ཏུ་ལྷ་སའི་པར་སྐོར་ལམ་གྱི་གནས་ཚུལ་ལ་ས་གནས་མི་དམིངས་སྲིད་གཞུང་གིས་དུས་ཐོག་ཏུ་བཅོས་སྒྲིག་གང་ལེགས་བྱས། བདེ་ཆེན་གྱིས་ཀྱང་གནས་ཚུལ་འདིར་དམིགས་ནས་ཡུལ་སྐོར་པར་ལེན་གྱི་གནས་ཚུལ་ལ་བཅོས་སྒྲིག་བྱས། 

     རྒྱལ་སྟོན་དུས་ཆེན་རིང་བདེ་ཆེན་དུ་ཡུལ་སྐོར་བ་ཇེ་མང་དུ་སོང་བ་དང་བསྟུན་ཡུལ་ནས་ཡུལ་སྐོར་པར་ལེན་གྱི་ཁྲོམ་རའི་དགོས་མཁོ་ཡང་ཆེ་རུ་ཕྱིན་པ་རེད།  འོན་ཀྱང་སྔོན་ཆད་ལྟ་བུའི་སྲོལ་རྒྱུན་གྱི་གྱོན་སྟངས་མིན་པ་དང་རང་འདོད་དུ་གྱོན་པའི་སྣང་ཚུལ་མངོན་གསལ་གྱིས་ཇེ་ཉུང་དུ་སོང་ཡོད་ལ ཡུལ་སྐོར་པར་ལེན་ཁྲོམ་རའི་ལེགས་བཅོས་དང་བཅོས་སྒྲིག་ལ་ཕན་འབྲས་མངོན་གསལ་ཐོབ་འདུག