གཟིགས་དང་། རྒྱལ་རྟགས་ཀྱི་མཚོན་དོན་འདི་འདྲ་རེད་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-04   རྩོམ་ཁུངས།    中央广播电视总台

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་རྟགས་ནི་རླབས་ཆེན་མེས་རྒྱལ་གྱི་མཚོན་རྟགས་ཤིག་དང་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོན་རྟགས་ཤིག་རེད། ཚོན་མདོག་དམར་སེར་འདྲེས་མ་ལས་བླ་ན་མེད་པ་དང་བརྗིད་ཉམས་ཆེ་བ་མངོན་གྱི་ཡོད། ཅིན་ཧྲུའེ་ཟམ་པ་སྒྲོལ་བ་དང་མཁར་སྒོ་བརྒྱུད་དེ་ཐོག་ཁང་སྟེང་འཛེགས་སྐབས་མཐོ་ཚད་སྨི་གཉིས་ལྷག་ཙམ་ཡོད་པའི་རྒྱལ་རྟགས་ཤིག་ཚོམས་ཆེན་ནང་འགྱིང་ངེར་བཀལ་ཡོད་ཅིང་། ལོ་ཟླའི་རྗེས་ཤུལ་ལས་དེ་བས་རྔམས་བརྗིད་ལྡན་པ་ཞིག་ཏུ་སྣང་།

      ཤིང་ལས་བཟོས་པའི་རྒྱལ་རྟགས་དེ་ནི་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་གནམ་བདེ་སྒོ་མོ་ཆེའི་ཐོག་ཁང་སྟེང་བཀལ་བའི་རྒྱལ་རྟགས་དང་པོ་དེ་ཡིན་པ་དང་། གསེར་མདོག་སྙེ་མ་ཟུང་ལས་སྒོར་དབྱིབས་ཀྱི་ཨ་ལོང་གྲུབ་པ་དང་། སོ་འཁོར་གཤམ་དུ་བཞག་པ། སྙེ་མ་ཟུང་སྣོལ་མཚམས་དང་སོ་འཁོར་གྱི་དཀྱིལ་དེ་སྒྲོག་དར་དམར་པོས་བརྒྱན་ལ། སྒྲོག་དར་དམར་པོ་དེ་གཡས་གཡོན་གྱི་གསེར་མདོག་སྙེ་མར་སྒྲོག་སྟེ་ཐུར་དུ་འཕྱང་བ། སོ་འཁོར་དེ་སྟེང་འོག་གཉིས་སུ་དབྱེ་ལ། རྒྱལ་རྟགས་ཀྱི་དཀྱིལ་ངོས་དང་དྲང་འཕྱང་དུ་གནས་པ། དེའི་གཞོགས་གཡས་གཡོན་གཉིས་གཅིག་མཚུངས་ཡིན་པ། རྒྱལ་རྟགས་ཀྱི་ཚོན་མདོག་དམར་སེར་གཉིས་ལས་གྲུབ་པ་སྟེ། སྙེ་མ་དང་། སྐར་ལྔ། གནམ་བདེ་སྒོ་མོ་ཆེ། སོ་འཁོར་བཅས་སེར་མདོག་ཡིན་པ་དང་། སྒོར་དབྱིབས་ཀྱི་གཞི་གདན་དང་སྒྲོག་དར་ཚོས་གཞི་དམར་པོ་ཡིན།

     ཚད་ལྡན་དང་། རྔམ་བརྗིད། རང་བྱུང་། མཛེས་ཆོས། འོད་འཚེར་བ་བཅས་ཀྱི་སྐར་མ་ལྔ་པོས་ཀྲུང་ཧྭའི་བུ་ཕྲུག་ཁྲི་སྟོང་མང་པོས་མེས་རྒྱལ་ལ་བརྩེ་བ་ཟབ་མོ་བཅངས་པ་མཚོན་གྱི་ཡོད།

     འཛམ་གླིང་སྐྱེ་བོ་ཀུན་གྱིས་མཐོང་ཆོས་སུ་གྱུར་བའི་རྒྱལ་རྟགས་འདིས་ཀྲུང་གོའི་གུང་ཁྲན་ཏང་གི་སྣེ་ཁྲིད་འོག་ཀྲུང་གོའི་མི་དམངས་ཡར་ལངས་བྱུང་བའི་རླབས་ཆེན་གྱི་ལོ་རྒྱུས་བརྒྱུད་རིམ་འཛམ་གླིང་ལ་བརྗོད་ཡོད།