ཡང་བསྐྱར་ཝ་ལྟེ་མཚོ་དང་འཕྲད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཝ་ལྟེ་མཚོ་ནི་སེམས་ཀྱི་ཉི་ཟླ་ཏི་ལུང་གངས་རིའི་དབུས་སུ་གནས་པ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3800ཡོད་པའི་ས་མཐོའི་གངས་ཆུ་ལས་གྲུབ་པའི་མཚོ་བུ་ཞིག་ཡིན། གངས་རི་དང་མཚེའུ། ནགས་ཚལ། རྩྭ་ཐང་། ནོར་ལུག་མང་དུ་མཐོང་རྒྱུ་ཡོད་ཅིང་། མཚར་སྡུག་ཡིད་དུ་འོང་བའི་ཡུལ་ལྗོངས་དེ་ནི། འཆར་ཡན་གྱིས་ཐུམ་སྒྲིལ་བྱས་པའི་བྱིས་སྒྲུང་གི་འཇིག་རྟེན་ཞིག་དང་འདྲ།

    ཝ་ལྟེ་མཚོ་ནི་ཡུན་ནན་དང་སི་ཁྲོན་གཉིས་ཀྱི་བར་དུ་གནས་ཤིང་། ཏི་ལུང་གངས་རི་ནི་སེམས་ཀྱི་ཉི་ཟླའི་གངས་རི་ཆེན་པོ་བདུན་གྱི་ཡ་གྱལ་ཡིན་ལ། རི་རྩེ་ཆེས་མཐོ་ཤོས་དེ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5004ལྷག་ཡོད། དེ་ཡི་རི་རྒྱུད་ཡོངས་སུ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4000ཡན་གྱི་གངས་རི་མང་པོ་ཡོད་ལ། རི་བོ་མཐོ་གཟར་དང་། སྒང་གཤོང་མུ་འབྲེལ་ཡིན་པས་སེམས་ཀྱི་ཉི་ཟླའི་གངས་རིའི་རྒྱལ་ཁབ་ཅེས་བརྗོད་འོས་པ་ཞིག་ཡིན།

    ཏི་ལུང་གངས་རིར་གདོད་མའི་ནགས་ཚལ་གྱིས་ཉི་འོད་སྒྲིབ་པ་དང་། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་རིགས་མང་བ། རི་མཐོའི་མེ་ཏོག་ཕན་ཚུན་མཛེས་དཔལ་འགྲན་པ། མཚེའུ་དྭངས་ཤིང་གཙང་ལ། འབྲོག་རར་འཇམ་ཞིང་མཛེས་པས་སྔོ་ཐིང་ཐིང་གི་ནགས་ཚལ་གྱིས་བསྐོར་བ། གངས་རི་རྔམ་བརྗིད་ལྡན་པའི་ངང་ཀྲོང་ངེར་ལངས་ནས་རྟ་མཆོག་དང་འབྲི་གཡག་རང་མོས་ངང་འབྲོག་ར་དང་རྩྭ་ཐང་དུ་བག་ཕེབས་དལ་བགྲོད་ཡོད།