ཀླུ་ཆུའི་སྤྱི་གླིང་ནང་གི་ཞོགས་པའི་འདུར་རྒྱུགས་སྤྲོ།།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་ན་གྲོང་མི་རྣམས་རྒྱུན་པར་འཆམ་འཆམ་དུ་འགྲོ་དགའ་ཞིང་།   ཁོར་ཡུག་ཏུ་གསོམ་སྡོང་དང་རྒྱ་ལྕང་།  ཁམ་བུ།  མེ་ཏོག་པདྨ། བྱ་ཁྱུ་སོགས་འདུས་པའི་སྤྱི་གླིང་ཉམས་དགའ་བ་ཞིག་འགའ་ཡོད་ཅིང་།  དེ་ལས་ང་རང་རྒྱུན་པར་འགྲོ་འདོད་ས་དང་འགྲོ་ཐེངས་མང་ས་ནི་ཀླུ་ཆུའི་སྤྱི་གླིང་ཡིན།  དེ་རུ་ཞོགས་རྒྱུགས་བྱེད་མཁན་རྒྱུན་མ་ཆད་པར་ཡོད་ལ།  ནུབ་ཁའི་དུས་སུ་བག་ཡེངས་ངང་འཆམ་འཆམ་དུ་འགྲོ་མཁན་ཡང་ཟམ་མ་ཆད་པར་ཡོད།  

    ཡུན་རིང་ལུས་སྦྱོང་མ་བྱས་པའི་བདག་ལ་མཚོན་ན།  རྒྱལ་སྟོན་དུས་ཆེན་གྱི་གོ་སྐབས་དང་བསྟུན་ནས་ཞོགས་པ་སྔ་ས་ནས་ལངས་ཏེ།  འཇམ་མཉེན་གྱི་ཉི་འོད་བསུ་བཞིན།   དྭངས་གཙང་གི་མཁའ་དབུགས་རྔུབ་ཞོར།   ཡིད་དབང་འགུགས་པའི་སྙན་གླུ་ལ་ཉན་ཞོར་སྔོ་ལྗང་གི་འཇིག་རྟེན་ཆུག་ཆུང་འདིར་ཞོགས་རྒྱུགས་ཐེངས་ཤིག་བྱས་པ་འདི་སྐྱིད་དུ་མཐོང་ཞིང་།   དབུགས་ཁ་འཚང་ནས་རྔུལ་ཆུ་ཐོན་པ་ན་བདེ་ཐང་ལྷག་པར་གལ་ཆེ་བའི་ངེས་ཤེས་ཤིག་ཀྱང་རྙེད།