བདེ་ཆེན་མཐོ་སྒང་དུ་ཞིང་པ་ཚོས་སྟོན་བསྡུ་ལ་བྲེལ་བཞིན་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉིན་འདི་དག་ལ་བདེ་ཆེན་མཐོ་སྒང་དུ་སྟོན་བསྡུ་བའི་དུས་ལ་སླེབས་པ་དང་། ཞིང་པ་ཚོའི་གདོང་ལ་ལོ་ལེགས་ཀྱི་དགའ་སྤྲོའི་རྣམ་པས་ཁེངས་ཏེ་ཞིང་ཁར་སྟོན་བསྡུ་ལ་བྲེལ་བཞིན་ཡོད་པ་རེད།

图片

图片
图片
        འཇོལ་རྫོང་བྲག་ཞབས་ཤང་ཧྲི་པཱ་གྲོང་དུ་བྲ་བོ་སྨིན་ཏེ་སྙེ་མ་རྒྱས་ཡོད་པས་གྲོང་མི་རྣམས་ཀྱིས་ཞིང་ཁར་བྲ་བོ་རྔ་བར་བྲེལ་བཞིན་ཡོད།
图片
图片
图片
        ཉེ་སྔོན་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་རྒྱལ་པོ་སྟེང་གྲོང་སྡེའི་གྲོང་མི་རྣམས་ཀྱི་འབྲས་བརྔ་བསྡུ་བྱེད་བཞིན་ཡོད་པ་དང་། ཁོ་ཚོས་དུས་ཚིགས་དམ་འཛིན་བྱེད་དེ་འབྲུ་རྡོག་གཅིག་ཀྱང་མ་ལུས་པར་མཛོད་དུ་བསྡུ་བར་ཁག་ཐེག་བྱེད་ཡོད།
图片
图片
图片
        ཉིན་འདི་དག་ལ། འཇོལ་རྫོང་བྲག་ཞབས་ཤང་རི་ཁུལ་གྱི་ཞོག་ཁོག་རིགས་སྣ་རྙིང་པ་བསྡུ་བའི་དུས་སུ་སླེབས་པ་དང་། 2020ལོ་ནས་བཟུང་ས་གནས་དེ་གའི་ཞོག་ཁོག་རིགས་སྣ་རྙིང་པ་ནི་སྨིན་དྲུག་ལྷ་མོ་ཚོང་དོན་ཀུང་སིས་གཅིག་གྱུར་ཐོག་ཉོ་སྒྲུབ་བྱས་ཏེ་ལོ་རེར་དུད་ཚང་རེའི་ཡོང་འབབ་སྒོར་ཁྲི་གཅིག་ལྷག་ཟིན་ཡོད་པས་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ཐབས་ལམ་རྒྱ་ཆེར་བཏང་ཡོད་པ་རེད།