བདེ་ཆེན་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཟླ་མཆོད་དུས་ཆེན་ལ་རོལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་མཆོད་དུས་ཆེན་ནི་སྤྱི་རྒྱ་རིགས་ཀྱི་སྲོལ་རྒྱུན་གྱི་དུས་ཆེན་ཞིག་ཡིན་མོད། འོན་ཀྱང་མི་རིགས་ཕན་ཚུན་སྤེལ་རེས་དང་མཉམ་འདྲེས་ཀྱི་བདེ་ཆེན་དུ་འདི་ནི་སྤྱི་མཐུན་གྱི་སྲོལ་རྒྱུན་དུས་ཆེན་ཞིག་ཏུ་རྩིས་ནས་རོལ་བ་རེད། 

        ཐེངས་འདིའི་ཟླ་མཆོད་དུས་ཆེན་དེ་ལས་མ་འདས་པར་བདེ་རི་སོ་སོའི་མི་དམངས་བཟའ་མི་ལྷན་འཛོམས་ཀྱི་ཉི་མོ་ཞིག་ཡིན་ལ། མཉམ་དུ་ཟ་མ་ཟོས་ཤིང་ཟླ་གོར་མཆོད་ནས་དགའ་དགའ་སྤྲོ་སྤྲོའི་ངང་ཟླ་མཆོད་དུས་ཆེན་ལ་རོལ།  མི་རིགས་མཐུན་གྱི་བདེ་ཆེན་དུ་ཟླ་མཆོད་དུས་ཆེན་ཁོ་ན་འདི་ལྟར་མཉམ་དུ་རོལ་བ་མ་ཡིན་པར་དཔེར་ན་དབྱི་རིགས་མེ་མཆོད་དུས་ཆེན་དང་ལི་སོ་རིགས་ཀྱི་ཁོ་ཧྲི་དུས་ཆེན་ཡང་ངོ་ཚོས་མཉམ་དུ་རོལ་བ་རེད།