རྒྱལ་སྟོན་རིང་བདེ་ཆེན་དུ་གླུ་གར་གྱི་གསོལ་སྟོན་འདི་འདྲ་ཞིག་བཤམ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

   

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ10པའི་ཚེས1ཉིན་རྒྱལ་སྟོན་བསུ་བའི་བྱེད་སྒོ་སྟེ་ཡུན་ནན་གྱི་འཚོ་བ་སྐྱེལ་སྟངས་ཤིག་ཅེས་པའི་2023ལོའི་བདེ་ཆེན་ཁུལ་གྱི་དབྱངས་ལ་བཀུག་པའི་སེམས་ཀྱི་ཉི་ཟླ་ཞེས་པའི་སྤྱི་པའི་རིག་གནས་ཀྱི་རིམ་སྤེལ་བྱེད་སྒོ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དུ་འགོ་ཚུགས་མཛད་སྒོ་འཚོགས་པ་རེད།

     དེ་རྗེས་ཕུལ་བྱུང་དམངས་ཁྲོད་གཞས་པའི་འགྲན་བསྡུར་བྱེད་འགོ་ཚུགས་པ་དང་།   བདེ་ཆེན་ཁུལ་གྱི་ཤང་དང་གྲོང་རྡལ་ཁག་ནས་ཡོང་བའི་གཞས་པ་ཚོས་མཉམ་དུ་འགྲན་བསྡུར་བྱས་ནས་ཡུལ་དངོས་ཀྱི་ལྟད་མོ་བ་ཚོས་སེམས་ཀྱི་ཉི་ཟླའི་སྲོལ་རྒྱུན་དམངས་ཁྲོད་གླུ་གར་རིག་གནས་དང་བར་ཐག་ཉེ་བའི་ངང་ཉམས་ལེན་ཐུབ་པ་བྱས་ནས་སྤྲོ་སྣང་ལྡན་པའི་གླུ་གར་གྱི་སྟོན་མོ་ཞིག་བཤམས་ཡོད་པ་རེད།    

《བཀྲ་ཤིས་བདེ་ལེགས》དང་།    《ངའི་ཕ་ཡུལ་འཇོལ་རྫོང་།》《མཛེས་པའི་འབྲི་ཆུ།》《ཁྱེད་ལ་ནས་ཆང་དཀར་ཡོལ་གང་འབུལ》《མཛེས་སྡུག་གི་སེམས་ཀྱི་ཉི་ཟླ་ནི་ངའི་ཕ་ཡུལ་ཡིན》སོགས་སྙན་འཇེབས་ལྡན་པའི་དམངས་ཁྲོད་གླུ་གཞས་རེ་རེས་བདེ་ཆེན་གྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་ཕ་ཡུལ་དང་མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་རི་ཀླུང་ལ་དགའ་ཞེན་བྱེད་པ་དང་དེ་བཞིན་ཡུལ་དངོས་ཀྱི་ལྟད་མོ་བ་རྣམས་ལ་སྨོན་འདུན་བཟང་པོ་ཞུ་ལུགས་མཚོན་པར་བྱས་ཡོད།

        ཤེས་རྟོགས་བྱུང་བར་གཞིགས་ན།ཐེངས་འདིའི་བྱེད་སྒོ་དེ་ཟླ10པའི་ཚེས་4ཉིན་བར་རྒྱུན་མཐུད་ངང་སྤེལ་རྒྱུ་ཡིན་པ་དང་། དེའི་རིང་ཕ་ཡུལ་གྱི་གྲགས་ཅན་མི་སྣའི་གླུ་གཞས་ཆེད་ཚོགས་དང་ཐང་ཆེན་ཞབས་བྲོ། ཕུལ་བྱུང་གསར་རྩོམ་གླུ་གཞས་ཆེད་ཚོགས་སོགས་སྣ་མང་ཕུན་སུམ་ཚོགས་པའི་གླུ་གར་གྱི་གསོལ་སྟོན་གཟབ་རྒྱས་སྤེལ་རྒྱུ་ཡིན་པ་རེད།