གུང་གསེང་རིང་ལས་གནས་བརྟན་སྲུང་བྱེད་ཡོད་པའི་འཛུཊ་སྐྲུན་པ་རྣམས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        རྒྱལ་སྟོན་དུས་ཆེན་དང་ཟླ་མཆོད་དུས་ཆེན་ནི་མི་མང་པོ་ཞིག་གིས་ངལ་གསོ་རྒྱག་ཡོད་མོད།འོན་ཀྱང་རང་ཁུལ་གྱི་རྣམ་གྲངས་མང་པོ་འཛུགས་སྐྲུན་བྱེད་ཡུལ་གྱི་འཛུགས་སྐྲུན་པ་རྣམས་ཀྱིས་སྔར་བཞིན་ལས་གནས་བརྟན་སྲུང་བྱས་ནས་འཛུགས་སྐྲུན་གྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་སྟེ་ལས་གྲྭ་ཁག་དུས་ཐོག་ཏུ་བདེ་བླག་ངང་སྐུལ་འདེད་གཏོང་བར་ཁག་ཐེག་བྱེད་བཞིན་ཡོད།

        ཏན་བོད་ལྕགས་ལམ་ས་དམ་ནས་སེམས་ཀྱི་ཉི་ཟླའི་བར་གྱི་ཨར་ལས་བྱ་ཡུལ་དུ་ཉི་འོད་ཚ་པོའི་འོག་བཟོ་པ་བཅུ་ལྷག་ཙམ་གྱིས་ལྕགས་ལམ་འགྱིག་མདུད་འབྲེལ་གཅོད་མཐུད་སྣེ་སྒྲིག་སྦྱོར་བྱེད་བཞིན་ཡོད་པ་དང་འགྱིག་མདུད་འབྲེལ་གཅོད་མཐུད་སྣེ་ནི་ལྕགས་ལམ་གློག་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་ལྕགས་ལམ་གྱི་འཁོར་གཏོང་བརྡ་རྟགས་དང་ལམ་གཅོད་བརྗེ་སྒྱུར་སོགས་ཀྱི་ནུས་པ་ཚང་མ་དེ་བེད་སྤྱད་ནས་ལེགས་སྒྲུབ་བྱེད་དགོས་པར་བརྟེན་སྒྲིག་སྦྱོར་བྱེད་རིང་བཟོ་པ་ཚོས་ངང་རྒྱུད་རིང་ལ་ཞིབ་ཚགས་པ་འགྲན་ཟླ་བྲལ་བ་ཞིག་ཡོད།  ཟླ་9ཚེས་19ཉིན་ཡུན་བོད་ལྕགས་ལམ་ལི་ཅང་ནས་ཤམ་བྷ་ལའི་བར་གྱི་ལམ་ཐིག་ཧྲིལ་པོར་ལྕགས་ལམ་འདིང་རྒྱུ་དངོས་སུ་ལེགས་གྲུབ་བྱུང་ཚུན་ཨར་ལས་བཟོ་པ་ཚོས་སྔར་བཞིན་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་སླ་བཅོས་སྤུ་ཙམ་ཡང་མི་བྱེད་པར་མཇུག་བསྡུའི་ལས་དོན་སྤེལ་ནས་དུས་བཀག་ལྟར་ལམ་ཐིག་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད་པ་རེད།

        སེམས་ཀྱི་ཉི་ཟླའི་ཧྲེན་ཡིང་ལམ་གྱི་འགྱིག་སོབ་སྔོ་ལྗང་ཁྱམས་ར་འཛུགས་སྐྲུན་རྣམ་གྲངས་ཀྱི་ཡུལ་དངོས་སུ་ཡུན་ནན་འཛུགས་སྐྲུན་མ་འཇོག་བདེ་ཆེན་འཛུགས་སྐྲུན་ཚད་ཡོད་ཀུང་སིའི་བཟོ་པ་ཚོས་ཤིང་སྡོང་སྤོ་འཛུགས་དང་ཆར་བཙོག་མདོང་ལམ་འདིང་རྒྱུར་བྲེལ་བཞིན་ཡོད་པ་རེད། རྣམ་གྲངས་འདི་ལོའི་ཟླ་6པར་སྐྲུན་འགོ་ཚུགས་པ་དང་འཛུགས་སྐྲུན་གྱི་ནང་དོན་ནང་སྔོ་ལྗང་ཅན་དང་།མི་འགྲོ་སའི་ལམ་གསར་སྒྱུར།་ཆར་བཙོག་སྦུག་ལམ།་གཞུང་ལམ་འོད་འགྱུར།་འཇིམ་རྐོས་སོགས་ཆ་འགྲིག་སྒྲིག་བཀོད་འཛུགས་སྐྲུན་བྱ་དགོས།མིག་སྔར་ལྡུམ་རའི་ལམ་འདིང་བ་དང་ཆར་ཆུ་ཁག་གཅིག་མདོང་ལམ་འདིང་བ་དང་སྔོ་ལྗང་ལྗོན་ཤིང་ཁག་གཅིག་འདེབས་འཛུགས་སོགས་ལེགས་གྲུབ་ཟིན་ཡོད་པ་རེད།

        སེམས་ཀྱི་ཉི་ཟླ་ནས་འབའ་ལུང་བར་གྱི་གཞུང་ལམ་གསར་པ་འཛུགས་སྐྲུན་ཡུལ་དངོས་སུ་འཛུགས་སྐྲུན་པ་ཚོས་ངར་ཤུགས་གཅིག་སྒྲིམ་དང་ཐོན་སྐྱེད་ཀྱི་འཐབ་ས་དང་པོར་འབད་འཐབ་བྱས་ཏེ་ནུས་ཤུགས་ཡོད་རྒུས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ལས་བཀུར་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱས་ཏེ་མེས་རྒྱལ་ལ་རྟེན་འབྲེལ་ཞུས་པ་རེད།