རྒྱལ་ཐང་བེ་ནུ་ཡུལ་གྱི་ཡུངས་མ་ལ་ལོ་ལེགས་བྱུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        རྒྱལ་ཐང་བེ་ནུ་ཡུལ་ནི་ད་ལྟའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཁོངས་སུ་གཏོགས་ལ། ས་གནས་དེ་གའི་བོད་རིགས་མང་ཚོགས་ཡོངས་ནི་ཞིང་འབྲོག་ཟུང་འབྲེལ་ལས་བཞིན་ཡོད་པས་ཡུངས་མ་ནི་འདེབས་མང་པའི་ལོ་ཏོག་སྣ་གཅིག་ཡིན། ཡུངས་མ་འདེབས་ན་གཙོ་བོ་ཕྱུགས་རིགས་དང་ཕག ལུག་སོགས་སུ་གཟན་དུ་བྱིན་ཆོག་ལ། བེ་ནུ་ཡུལ་གྱི་མང་ཚོགས་དག་གིས་སྟོན་དུས་ཡུངས་མ་རབ་སྟེ་ལོ་མ་དང་རྩ་བ་ཁ་ཁ་བཟོས་ནས་ལོ་མ་རབ་ཤིང་ཐོག་སྐམ་སྟེ་དགུན་ཁའི་གཟན་ཆས་བཞག་པ་དང་། རྩ་བ་ནི་ཁ་ཤས་ཕྱུགས་རིགས་དང་ཕག་སོགས་ལ་གཟན་པ་དང་ཁ་ཤས་ནི་ཡུངས་སྐམ་བཟོ་ནས་དགུན་དུས་ཀྱི་གཟན་ཆས་སུ་བཞག་སྲོལ་ཡོད། ད་ལོར་གནམ་གཤིས་ཡག་པས་ས་གནས་དེ་གའི་ཡུངས་མའི་རྩ་བ་ཆེ་ཞིང་ཡལ་འདབ་རྒྱས་ཡོད།