རྡོ་མཁར་རྫོང་གི་མཚན་ལྗོངས།

རྩོམ་པ་པོ།   རྣམ་འཇོམས་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2023-09-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        རྡོ་མཁར་རྫོང་གི་མཚན་ལྗོངས་ནི་གྲོང་ཁྱེར་གཞན་དང་གཏན་ནས་མི་འདྲ་བའི་མི་ཡུལ་གྱི་སྐྱིད་ཉམས་ཡོད་ལ། དྲོད་འཇམ་གྱི་གློག་འོད་ཁྲོད་དུ། གནའ་གྲོང་ལ་འཆམ་མཐུན་དང་ལྷིང་འཇགས་ཀྱིས་རྣམ་པར་ཁེངས་པས་མི་རྣམས་ཐང་ཆད་པའི་སྣང་བར་མེད་པར་འདུག། གནའ་གྲོང་དུ་བོད་རང་གི་ཐུན་མོང་མ་ཡིན་པའི་འཛུགས་སྐྲུན་རིག་གནས་ལོ་རྒྱུས་ཀྱི་ཉམས་འགྱུར་ཟབ་མོ་ཞིག་ཡོད་པ་མཐོང་ཐུབ། དགོང་མོ་དེ་ལས་ཀྱང་ཁྱད་མཚར་བ་ཞིག་ནི་ལྷ་ཡུལ་གྱི་ཞིང་ཁམས་དང་འདྲ་བས། མི་རྣམས་རང་དབང་མེད་པར་གནའ་གྲོང་དེར་དགའ་ཞེན་ཆེན་པོ་བྱེད།

   འདི་ནི་ཇ་རྟའི་གནའ་ལམ་གྱི་གྲོང་རྡལ་གཙོ་བོ་ཡིན། རྡོ་མཁར་རྫོང་གི་གནའ་གྲོང་ལ་ངོ་མཚར་ཅན་དང་འཆར་ཡན་གྱི་མིང་གཞན་ཞིག་ཡོད་པ་ནི་“ཟླ་འོད་གྲོང་”ཟེར། གནའ་གྲོང་གི་སྲང་ལམ་འཁྱོག་ཅིང་ལྷིང་འཇགས་ཡིན་ལ། དུས་ཚོད་འདི་ནས་འགུལ་རྒྱུ་མེད་པར་གྱུར་བ་དང་། མི་རྣམས་ལ་ལྷིང་འཇགས་ཀྱི་མཛེས་པ་ཞིག་ཚོར་དུ་འཇུག། མཚན་མོ་རྡོ་མཁར་རྫོང་གནའ་གྲོང་དུ་མི་ཚོགས་ཀྱི་འཁྲུག་ཆ་ཧ་ཅང་དོད་པོ་ཡོད་པ་དང་། མི་རྣམས་ཁྲོམ་གཞུང་དང་སྲང་ལམ་དུ་འཁྱམས་ནས་གནའ་གྲོང་གི་མཛེས་ལྗོངས་དང་གནའ་གྲོང་གི་ལོ་རྒྱུས་རིག་གནས་མྱོང་རོལ་བྱེད་ཀྱི་ཡོད།