ཉི་གཏད་ཁྲོམ་རར་སྣ་བརྒྱའི་ཚོང་ཟོག་འདུས།

རྩོམ་པ་པོ།   ཚེ་རིང་དོན་འགྲུབ།  ཡིག་བསྒྱུར།       དུས་ཚོད།   2023-09-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    ཞོགས་པའི་འཇམ་མཉེན་གྱི་ཉི་འོད་རྒྱལ་ཐང་འཛིན་མའི་ཡུལ་དུ་འཕྲོས་པ་ན།  སེམས་ཀྱི་ཉི་ཟླའི་ཉི་གཏད་ཞིང་ལས་ཐོན་རྫས་ཉོ་འཚོང་ཁྲོམ་ར་སྔ་མོ་ནས་མི་ཚོགས་ཀྱིས་བཀང་ནས་འདུ་འཛི་ཤིན་ཏུ་ཆེ་ཞིང་།    ཚོང་ཟོག་རྣམས་ནི་ཐང་མ་བརྡལ་བ་དང་འདྲ་བར་ཉོ་མཁན་རྣམས་ཀྱིས་འཚང་ཁ་ཤིག་ཤིག་གིས་རང་ལ་མཁོ་བའི་ཚོང་ཟོག་འདེམས་པ་སོགས་འདུ་འཛི་ཆེ་བའི་རྣམ་པ་གང་སར་མངོན་པ་ལས་ཀུན་གྱིས་ཟླ་མཆོད་དུས་ཆེན་ལ་ཁྱིམ་མི་ལྷན་འཛོམས་དང་བདེ་སྐྱིད་འཚོ་བར་རེ་སྨོན་གསར་བ་བཅགས་ཡོད་པ་ཤེས་ཐུབ།