ཁུན་མིང་ནས་འདི་འདྲའི་བྱ་འགུལ་གཟབ་རྒྱས་ཤིག་སྤེལ་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-09-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་9པའི་ཚེས་26ཉིན་གྱི་ཕྱི་དྲོ་ཁུན་མིང་དུ་“མི་རིགས་མཐུན་སྒྲིལ་གྱི་གར་སྟེགས་ཆེན་པོ་”2023ལོའི་རིག་རྩལ་སྤུས་དག་འགྲེམས་སྟོན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཆེད་དོན་འཁྲབ་སྟོན་དེ་ནན་ཕིན་རྐང་ཐང་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་པ་རེད།

        སྙན་འཇེབས་ལྡན་པའི་པི་ཝང་དང་བསྟུན་ནས་འཁྲབ་སྟོན་གྱི་ཡོལ་བ་ཕྱེ་བ་དང་རང་རེའི་ཁུལ་ནས་ཡོང་བའི་འཁྲབ་སྟོན་པ་ཚོས་སྙན་འཇེབས་ལྡན་པའི་གླུ་སྐད་དང་མཉེན་ཞིང་སྒེག་པའི་གར་ཉམས་ཀྱི་ཞབས་བྲོས་ཡུལ་དངོས་ཀྱི་ལྟད་མོ་བའི་ཡིད་དབང་ལ་བཀུག་པ། དང་ཐོག་ཆའོ་ཞི་དབྱང་སྒྱུ་རྩལ་ཚོགས་པ་ལས་བྱུང་བའི་《ཨ་ཁྲི་མུའུ་ཀྭ་》ཞེས་པའི་ཞབས་བྲོ་དེས་འཁྲབ་སྟེགས་ཐོག་ཐོན་ཞིང་། དེ་རྗེས་སྙན་འཇེབས་ལྡན་པའི་རོལ་དབྱངས་《འཇོལ་གྱི་བུ་མོ་》སོགས་རེས་མོས་ཀྱིས་ཕུལ་བ་དང་། གཡང་ཆགས་ཤོག་སྒྱུ་རྩལ་ཚོགས་པས་འཁྲབ་སྟོན་བྱས་པའི་《གར་འགྲོས་ལྡིང་བ》ཞེས་པའི་ཞབས་བྲོ་ནི་མི་དམངས་དབུལ་སྒྲོལ་ཕྱུག་འགྱུར་དང་མཛེས་སྡུག་ལྡན་པའི་འཚོ་བའི་ཕྱོགས་སུ་སྐྱོད་པའི་རྣམ་པ་མངོན་པ།《སྨན་རིར་འགྲོ་བའི་ལམ》དང་《མཛེས་སྡུག་ལྡན་པའི་སེམས་ཀྱི་ཉི་ཟླ་》ཞེས་པའི་གླུ་དབྱངས་གཉིས་ཀྱིས་ལྟད་མོ་བའི་རྣམ་པ་མཐོ་རླབས་སུ་དེད་པ། ལི་སུའུ་རིགས་ཀྱི་རོལ་དབྱངས་《ཝ་ཆི་ཆི》ཡིས་མི་རྣམས་ཀྱི་མིག་མདུན་དུ་གསལ་བར་བྱས་པ་དང་དེ་བཞིན་མཛེས་སྡུག་ལྡན་པའི་མི་རིགས་མང་བའི་གྱོན་ཆས་འགྲེམས་སྟོན་གྱིས་ས་གནས་ས་ཐོག་གི་ལྟད་མོ་བར་མི་རིགས་ཀྱི་གྱོན་ཆས་རིག་གནས་མྱོང་རོལ་བྱེད་དུ་བཅུག་པ་རེད།

         བྱེད་སྒོ་སྤེལ་ཡུལ་དུ་ད་དུང་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བར་“ཀོང་རྩེད་རའི་བོད་ཆས”དང་“ཉི་ཤར་རྫ་མ” “བོད་འཚེམ་ལག་རྩལ”སོགས་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་བྱས་པ་རེད།

        བྱེད་སྒོ་སྤེལ་བའི་དགོང་མོ་དེར་ཁུན་མིང་དང་བདེ་ཆེན་ས་གནས་གཉིས་ཀྱི་མང་ཚོགས་རིག་གནས་ལས་དོན་པ་དང་དེ་བཞིན་རིག་གནས་དང་བླངས་པ་ཚོས་ནན་ཕིན་རྐང་ཐང་ཐང་ཆེན་དུ་གྲོང་མི་དང་ཡུལ་སྐོར་བ་དང་མཉམ་དུ་གླུ་ལེན་གར་འཁྲབ་བྱས་ཏེ་ཐུན་མོང་ཐོག་མི་རིགས་ཐང་ཆེན་གྱི་ཞབས་བྲོ་འཁྲབ་པ་དང་དགའ་སྤྲོ་འཆམ་མཐུན་གྱི་རྣམ་པའི་ཁྲོད་མཉམ་དུ་མེས་རྒྱལ་བཙུགས་ནས་ལོ་74འཁོར་བར་བསུ་བ་ཞུས་པ་རེད།

        ད་ཐེངས་ཀྱི་རིག་གནས་སྤེལ་རེས་བྱས་པ་བརྒྱུད་བདེ་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་ཚད་ཤིང་དང་འཛམ་གླིང་གི་“སེམས་ཀྱི་ཉི་ཟླ”ལ་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་རིག་གནས་སྤེལ་རེས་དང་མཉམ་འདྲེས་ལ་སྔར་བས་སྐུལ་འདེད་གཏོང་སྟེ་ཐུན་མོང་ཐོག་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ལ་ཆུ་འདྲེན་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བརྗིད་ཆགས་ཉམས་ལྡན་གྱི་ལེའུ་བརྩམས་ཡོད།