དམངས་སྲོལ་རིག་གནས་འགྲེམས་སྟོན་བྱས་ནས་ལོ་ལེགས་དུས་ཆེན་བསུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-09-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་9ཚེས་22ཉིན་ནས་ཚེས་23ཉིན་བར་སེམས་ཀྱི་ཉི་ཟླའི་རས་པ་སྒྱུ་རྩལ་དུས་ཆེན་སྐབས་གསུམ་པ་དང་2023ལོའི་མཐའ་ཆུ་གྲོང་ཁྱེར་གྱི་ལོ་ལེགས་དུས་ཆེན་དེ་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་ཧྲེན་ཁྲོན་སྤྱི་གླིང་དུ་འཚོགས་ཤིང་། ཕུན་སུམ་ཚོགས་པའི་བྱེད་སྒོ་དང་། ངོ་མཚར་ཆེ་བའི་འཁྲབ་སྟོན། སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་བཅས་བརྒྱུད་འཛམ་གླིང་སྐྱེ་བོ་ཀུན་ལ་སྦས་བའི་ཡུལ་ཁམས་འབའ་ལུང་གི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ཏེ་མི་རྣམས་ལ་“གཙང་གསུམ”དཀྱིལ་ཁུལ་གྱི་ཞིང་པར་ལོ་ལེགས་བྱུང་བའི་དགའ་སྤྲོ་ཚོར་ཐུབ་པ་བྱས་པ་རེད།


        ཚེས་22ཉིན་གྱི་དགོང་མོ་མགྲོན་བསུ་མཚན་ཚོགས་ཀྱིས་སྒྱུ་རྩལ་དུས་ཆེན་གྱི་ཡོལ་བ་ཕྱེ་བ་དང་མཉམ་གཞས་ཆུང་གྲས་《ཨ་ལ་ལྷ་མོ》《གེ་སར་སྒྲུང་བཤད་》སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལེ་ཚན་རེ་རེ་བཞིན་འཁྲབ་སྟོན་བྱས་པ་རེད། བཀྲག་མདངས་འཚེར་བའི་གློག་འོད་དང་། ངོ་མཚར་ཆེ་བའི་འཁྲབ་སྟོན། སྤྲོ་སེམས་རབ་ཏུ་འཁོལ་བའི་རས་པ། མི་སེམས་སྒུལ་བའི་དབྱངས་རྟ་སོགས་ཀྱི་གླུ་སྒྲ་དང་། དགོད་སྒྲ། དགའ་འབོད་སོགས་གཅིག་འཇགས་གཅིག་ལངས་བྱས་ཡོད། སྣ་མང་གི་དམངས་སྲོལ་གོམས་གཤིས་དང་། མངོན་གསལ་དོད་པའི་ས་ཁོངས་ཀྱི་ཁྱད་ཆོས། ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ནང་དོན་བཅས་ཀྱིས་མཐའ་ཆུའི་ཐུན་མོང་མ་ཡིན་པའི་མཛེས་སྡུག་མངོན་པར་བྱས་ཡོད།

        ཚེས་23ཉིན་མི་རིགས་ཀྱི་དམངས་ཁྲོད་རིག་གནས་སྤེལ་རེས་འཁྲབ་སྟོན་དང་། དམངས་སྲོལ་ཉམས་ལེན། མེ་ཕུང་དགོང་ཚོགས་སོགས་ཀྱི་བྱེད་སྒོ་སྔ་རྗེས་སུ་སྤེལ་བ་རེད།

        “ད་ཐེངས་ཀྱི་བྱེད་སྒོའི་ནང་ཞུགས་ཐུབ་པ་དེས་ང་ལ་ས་གནས་དེ་གའི་སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་ཀྱི་དམངས་ཁྲོད་རིག་གནས་མྱོང་ཚོར་ཐུབ་པ་མ་ཟད་ད་དུང་ལོ་ལེགས་ཀྱི་སྤྲོ་སྣང་ཡང་ཚོར་བྱུངཡུལ་སྐོར་བ་མཁྱེན་ལྡན་མ་ལི་ལགས་ཀྱིས་སེམས་འགུལ་ཐེབས་པའི་ངང་བཤད་པ་རེད། ཉིན་དེའི་ཕྱི་དྲོའི་བྱེད་སྒོའི་ནང་ཉ་འཛིན་པ་དང་། ངང་པ་འཛིན་པ། མདའ་འཕེན་པ་སོགས་དམངས་སྲོལ་ཉམས་ལེན་བྱེད་སྒོ་རེ་རེ་བཞིན་སྤེལ་ནས་ཞིང་པའི་མཛེས་སྡུག་ལྡན་པའི་འཚོ་བ་དམར་དམར་རྗེན་རྗེན་དུ་མངོན་ཡོད།

        མུན་རུབ་ལ་ཉེ་བས་མེ་ཕུང་འུར་འུར་དུ་འབར་བ་དང་མི་རྣམས་ཀྱིས་ལག་གདང་སྦྲེལ་ནས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་མགྲོན་པོ་དང་མཉམ་དུ་ཐང་ཆེན་དུ་འཛོམས་པ་རེད། གླུ་དབྱངས་སྙན་མོས་ལོ་ལེགས་ལ་བསུ་བ་དང་ཞབས་བྲོའི་རོལ་དབྱངས་ཀྱིས་ཏང་གི་བཀའ་དྲིན་ལ་བསྟོད་གླུ་འབུལ། མེ་ཕུང་གི་ངོ་གདོང་དམར་པོར་གྱུར་པ་དང་འཛུམ་མདངས་ཀྱིས་དགའ་སྤྲོ་བརྒྱུད་སྤྲོད་བྱེད་བཞིན་ཡོད་ལ་ལོ་རྗེས་མའི་འཚོ་བར་བཅངས་པའི་རེ་བ་བརྒྱུད་སྤྲོད་བྱེད་བཞིན་ཡོད།