༄༅།།གུ་གེ་རྒྱལ་པོའི་མཁར་ཤུལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-09-22   རྩོམ་ཁུངས།    མི་དམངས་དྲ་བ།

 གུ་གེ་རྒྱལ་པོའི་མཁར་ཤུལ་ནི་བོད་ལྗོངས་མངའ་རིས་ས་ཁུལ་རྩ་མདའ་རྫོང་ཁོངས་སུ་གནས་པ་དང་། རི་ངོས་སུ་ཆགས་ཤིང་ཁང་པ་440ལྷག་དང་། བྲག་ཕུག་870ལྷག མཁར་རྫོང་58 མཆོད་རྟེན་28 དེ་བཞིན་དུ་འོག་ལམ་2བཅས་ཀྱིས་གྲུབ་ཡོད་ཅིང་། ལྟོས་བཅས་ཀྱི་མཐོ་ཁྱད་སྨི་175ཡིན་ཞིང་། སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི་18ཟིན། རྒྱལ་ཡོངས་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཁག་དང་པོ་བཅས་ཡིན། གུ་གེའི་རྒྱལ་པོའི་མཁར་ཤུལ་དེ་བརྗིད་ཉམས་ཆེ་ཞིང་། གྲུབ་ཆ་ཆ་ཚང་བ། ཤུལ་བཞག་མང་བ་བཅས་ཀྱི་ཁྱད་ཆོས་ལྡན་པ་དེས་བོད་ཀྱི་ལོ་རྒྱུས་དང་གནའ་བོའི་འཛུགས་སྐྲུན་ལ་ཞིབ་འཇུག་བྱ་ཆེད་དངོས་རྫས་ཀྱི་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད།