ཇོ་རིའི་འདབས་ཀྱི་ལོ་ལེགས་དུས་ཆེན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-09-21   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

      སྤྱི་ཟླ་9ཚེས་16ཉིན་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་སྤྱི་ལོ་2023ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་དང་ཤེལ་དཀར་གྲོང་རྡལ་གནས་སེ་མ་གྲོང་ཚོའི་མཉམ་ལས་ཁང་གི་ཁེ་འབབ་བགོ་འགྲེམ་གྱི་བྱེད་སྒོ་དེ་གནས་སེ་མ་གྲོང་ཚོའི་གསེར་གཞོང་ལྟ་བུའི་ཞིང་ནང་སྤེལ་བ་རེད།   


    དེ་ཉིན་གནས་སེ་མ་གྲོང་ཚོའི་ཞིང་ནང་དུ་མི་ཚོགས་ཀྱིས་ཁེངས་པ་དང་ཚང་མས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་བཞིན་ལ་དགའ་སྤྲོའི་རྣམ་པས་ཁེངས་ནས་ཡོད་ཅིང་། མཐིང་མདོག་གི་ཨ་སྔོན་མཐོན་པོའི་འོག་དང་གསེར་ཕྱེ་ཐང་ལ་བརྡལ་འདྲའི་ཞིང་ནང་གི་བར་ན་དིང་རི་རྫོང་གི་སྤྱི་ལོ་2023ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་དེ་དམར་མདངས་བཀྲ་བའི་རྒྱལ་དར་སྒྲེང་བ་དང་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་སྒྲའི་ཁྲོད་འགོ་ཚུགས་པ་རེད།


ཉེ་བའི་ལོ་ཤས་རིང་དིང་རི་རྫོང་གིས་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ཤུགས་ཆེན་བྱས་པ་དང་ཚན་རྩལ་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བའི་འཐབ་ཇུས་ལ་སྐུལ་མ་གཏིང་ཟབ་བཏང་བས་ཞིང་ལས་ཆེད་ལས་ཅན་དང་།    གཞི་ཁྱོན་ཅན།    ཐོན་ལས་ཅན་བཅས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་ཐེབས་པ་དང་ཞིང་པའི་ཡོང་འབབ་རྒྱུན་ཆད་མེད་པར་མང་དུ་ཕྱིན་ཡོད།    

   ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ལོ་2023ལོར་དིང་རི་རྫོང་གི་འབྲུ་རིགས་ཐོན་འབབ་སྔོན་དཔག་བྱས་ན་རྒྱ་མ་ཁྲི་7108.8ཟིན་རྒྱུ་དེ་དུས་མཚུངས་ལས་བརྒྱ་ཆ་1.75འཕར་རྒྱུ་དང་།    ནས་ཐོན་འབབ་རྒྱ་མ་ཁྲི་6753.88ཟིན་རྒྱུ་དེ་དུས་མཚུངས་ལས་བརྒྱ་ཆ་2.7འཕར་རྒྱུ་ཡིན་པ་རེད། གཞན་ཡང་དེ་ཉིན་མཉམ་ལས་ཁང་གིས་མང་ཚོགས་ཐེམ་དུད་70ལ་དངུལ་དམར་སྒོར་ཁྲི་14བགོ་འགྲེམ་བྱས་པས་ཆ་སྙོམས་ཐེམ་དུད་རེར་སྒོར་6000ཙམ་བྱུང་ཡོད་པ་རེད།