གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྟེང་གི་ལྟད་མོ་ཡག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-09-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་9པའི་ཚེས་18ཉིན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་འཁྲབ་སྟོན་རྣམ་གྲངས་ལས་མི་རིགས་ལུས་སྦྱོང་ལུས་རྩལ་འགྲན་བསྡུར་དེ་ནགས་ལྕོག་རི་འདབས་ཀྱི་མི་རིགས་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཁང་དུ་གཉེར་བ་རེད།

   འགྲན་བསྡུར་བྱ་ཡུལ་དུ་རྫོང(གྲོང་ཁྱེར)གསུམ་ནས་ཡོང་བའི་འཐུས་མི་ཚོགས་པ་བཅུ་ཡི་འགྲན་ཞུགས་མཁན་རུ་མི་ཚོས་ལུས་ལ་མི་རིགས་ཀྱི་གྱོན་ཆས་སྣ་ཚོགས་གྱོན་ནས་མི་རིགས་ཀྱི་ཞབས་བྲོའི་སྟངས་སྟབས་དང་ལུས་སྦྱོང་གི་རྩལ་ནུས་ཟུང་འབྲེལ་བྱས་ཏེ་ལུས་སྦྱོང་བྱེད་སྟངས་ཐོག་ནས་ས་གནས་ས་ཐོག་གི་ལྟད་མོ་བར་ངོ་མཚར་ཆེ་བའི་འཁྲབ་སྟོན་གྱི་ལྟད་མོ་གྱ་ནོམ་པ་ཞིག་ཕུལ་ཡོད་ཅིང་།    གར་གྱི་སྟངས་སྟབས་མཛེས་ཤིང་མི་རིགས་ཀྱི་ཁྱད་ཆོས་འཛོམས་པའི་ཉམས་འགྱུར་གང་ལེགས་ཀྱིས་མངོན་པར་ཡུལ་དངོས་ཀྱི་རྒྱ་ཆེའི་ལྟད་མོ་བས་གདེང་འཇོག་དང་དགའ་བསུ་མི་དམན་པ་གནང་ཡོད།       སྣང་བརྙན་དོད་པའི་འཁྲབ་སྟོན་བྱས་པ་བརྒྱུད་ཨའེ་ཧྲང་ཞབས་བྲོའི་ལས་ཞོར་འཁྲབ་སྟོན་རུ་ཁག་ལ་ཨང་དང་པོ་ཐོབ་པ་དང་། ཁུལ་རིག་གནས་ཁང་གི་མཚར་བའི་ཉི་ནུབ་མཚར་བོ་སྒྱུ་རྩལ་ཚོགས་པ་དང་ཁུལ་རིག་གནས་ཁང་གི་གཡང་ཆགས་ཤོག་དམངས་ཁྲོད་གླུ་གཞས་སྒྱུ་རྩལ་ཚོགས་པ་གཉིས་ལ་སོ་སོར་ཨང་གཉིས་པ་དང་གསུམ་པ་ཐོབ་ཡོད།