སྲོལ་རྒྱུན་ལག་རྩལ་ལ་བརྟེན་ཏེ་རྟ་འདྲེན་རིག་གནས་ཐོན་རྫས་གསར་བ་གཏོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-09-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།



 ཉེ་ཆར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཧུང་ཕོ་གྲོང་ཚོའི་ཡར་ལ་གསོལ་དམངས་ཁྲོད་རྟ་འགྲོས་རོལ་རྩེད་ཚད་ཡོད་ཀུང་སིའི་ནང་དུ་རྣམ་པ་གསར་རྐྱང་གི་སྤེལ་རེས་ཚོགས་འདུ་ཞིག་འཚོགས་བཞིན་ཡོད་པ་དང་།  ཧུང་ཕོ་གྲོང་ཚོའི་ལག་ཤེས་འཇོན་མི་དང་ཁེ་ལས་ཀྱི་འབྲེལ་ཡོད་མི་སྣས་ཕན་ཚུན་བར་རྟ་འདྲེན་ཐོན་རྫས་དང་སྲོལ་རྒྱུན་ལག་ཤེས་རྒྱུན་འཛིན་སོགས་ཀྱི་བར་ལ་ཉམས་མྱོང་བརྗེ་རེས་དང་བགྲོ་གླེང་བྱས་ཡོད། 


    གོམ་སྟབས་རྗེས་མར་གྲོང་ཚོ་ཨུ་ལྷན་དང་ཁེ་ལས་ཀྱིས་བུད་མེད་ཚོའི་ལེགས་གཏོང་ཐོན་རྫས་ལ་དཔྱད་དཔོག་དང་འཐུས་ཚང་དུ་གཏོང་བ་དང་། དུས་བཀག་མེད་པའི་གསོ་སྦྱོང་བྱེད་པ། གསར་གཏོད་ཀྱི་ཟུར་ཚད་ཐོག་ནས་རྟ་འདྲེན་རིག་གནས་ཐོན་ལས་འཕེལ་རྒྱས་དང་རྒྱུན་འཛིན་བྱེད་པ། སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་དར་སྤེལ་ཡག་པོ་གཏོང་བ་བཅས་བྱས་ནས་བུད་མེད་མང་ཚོགས་ཀྱི་འབབ་འཕར་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།