ཡུན་བོད་ལྕགས་ལམ་འདིང་བའི་ལས་དོན་སེམས་ཀྱི་ཉི་ཟླའི་ས་ཚིགས་སུ་སླེབས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-09-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     ཟླ་7པའི་ཚེས་12ཉིན་ཡུན་བོད་ལྕགས་ལམ་ལས་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་དུམ་བུའི་འཁོར་ལམ་བདེ་ཆེན་གྱི་ས་ཁོངས་སུ་བཏིང་བའི་ཚུན་དུ།   ལས་དོན་མི་སྣ་1000ལྷག་ཙམ་གྱིས་ཟླ་བ་གཉིས་ལྷག་ཙམ་རིང་འབད་བརྩོན་བྱས་པ་བརྒྱུད། ཟླ་9པའི་ཚེས་16ཉིན་ལྕགས་ལམ་བཏིང་བའི་འཕྲུལ་ཚན་སེམས་ཀྱི་ཉི་ཟླའི་འབས་ཚུགས་སུ་བདེ་བླག་ངང་སླེབས་པ་དང་།  དེས་ཡུན་བོད་ལྕགས་ལམ་ལས་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་དུམ་བུའི་ལྕགས་ལམ་བཏིང་བའི་ལས་དོན་དེ་མཐའ་མའི་གདོང་མཆོང་གི་དུས་མཚམས་སུ་སླེབས་པ་མཚོན་ཡོད།

     ཀྲུང་གོ་ལྕགས་ལམ་ཅུས་ཉེར་གཅིག་པའི་ཡུན་བོད་ལྕགས་ལམ་ལས་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་དུམ་བུའི་རྣམ་གྲངས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ལྕགས་ལམ་ལ་རིང་ཚད་སྨི་500ཟིན་པའི་རྣོ་ལྕགས་བཏིང་ཡོད་པ་དང་།   དེ་ནི་ཞི་མཐུན་-5རྟགས་ཅན་གྱི་འཕྲུལ་འཁོར་དང་།   ཤར་རླུང་-8Bརྟགས་ཅན་གྱི་འཕྲུལ་འཁོརའཁོར་བསྐྱོད་བྱས་རྗེས།    དབོར་རྗེས་འདྲུད་འཐེན་རླངས་འཁོར་གྱིས་འཐེན་པ་དང་བཟོ་པས་ལས་ཀ་བྱེད་པའི་བྱ་ཐབས་ཐོག་ནས་བཏིང་བ་དང་། སྔོན་དཔག་བྱས་ན་ཟླ་9པའི་ཚེས་19ཉིན་ཡུན་བོད་ལྕགས་ལམ་ལས་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་དུམ་བུའི་ལམ་ཐིག་ཧྲིལ་པོའི་ལྕགས་ལམ་འདིང་རྒྱུའི་ལས་འགན་ལེགས་སྒྲུབ་བྱ་རྒྱུ་རེད།