བདེ་ཆེན་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བ14པའི་བྱེད་སྒོ་རབ་དང་རིམ་པ་སྟེ་ཉེ་འགྲམ་ས་ཁུལ་གྱི་ཆེད་དོན་དམངས་ཕན་འཁྲབ་སྟོན་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-09-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ9པའི་ཚེས་10ཉིན་གྱི་དགོང་མོར། བདེ་ཆེན་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བ་14པའི་བྱེད་སྒོ་རབ་དང་རིམ་པ་སྟེ་ཉེ་འགྲམ་ས་ཁུལ་གྱི་ཆེད་དོན་དམངས་ཕན་འཁྲབ་སྟོན་བྱས་ཏེ། སི་ཁྲོན་སྡེ་རོང་རྫོང་དང་།  བོད་ལྗོངས་སྨར་ཁམས་རྫོང་དང་མཛོ་སྒང་རྫོང་།  ཡུན་ནན་ཀོང་ཧྲན་རྫོང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར།  འབའ་ལུང་རྫོང་། འཇོལ་རྫོང་སོགས་ཀྱི་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས་པ་རེད། 

        གཞས་དང་རལ་པ། སྐོར་བྲོ་སོགས་མི་རིགས་ཀྱི་སྲོལ་རྒྱུན་ཁྱད་ཆོས་ལྡན་པའི་ལྟད་མོ་རེ་རེ་ཡིས་ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་སྒྲ་ཡང་ནས་བསྐྱར་དུ་གྲགས་སུ་བཅུག