རྡོ་མཁར་རྫོང་གི་མེ་ཟོན་བདེ་འཇགས་ཆུ་ཚད་མཐོ་རུ་ཕྱིན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-09-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲབའི་འཕྲིན། ཉེ་བའི་ལོ་ཤས་རིང་། སེམས་ཀྱི་ཉི་ཟླ་གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས“ཁྲིམས་ལྟར་བཅོས་སྐྱོང་དང་།འགན་འཁྲི་ནན་དུ་གཏོང་བ།རྨང་བརྟན་གཞི་བརྟན་དུ་གཏོང་བ།འགུལ་རྣམ་སྐོར་སྲུང”བཅས་ཀྱི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་སྟེ།གནའ་གྲོང་གི་མེ་ཟོན་བདེ་འཇགས་དོ་དམ་བྱ་ཐབས་དང་སྲུང་སྐྱོབ་སྲོལ་ཡིག་བཟོ་བ་དང་།མེ་ཟོན་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ།དྲ་མིག་ཅན་གྱི་སྐོར་ཞིབ་དོ་དམ་ཁྱོན་ཡོངས་ནས་ལག་ལེན་དུ་བསྟར་བ།མེ་ཟོན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མཉམ་སྐྲུན་མཉམ་སྐྱོང་མཉམ་སྤྱོད་བཅས་ཀྱི་རྣམ་པ་གསར་བ་བཟོས་པ་དང་།  མེ་ཟོན་བདེ་འཇགས་ཀྱི་ཉེན་ཁ་ཁྱོན་ཡོངས་ནས་སེལ་བར་བྱས་ཏེ་གནའ་གྲོང་གི་མེ་སོན་བདེ་འཇགས་ཆུ་ཚད་ཇེ་མཐོར་བཏང་ཡོད་ལ་མེ་སོན་བདེ་འཇགས་ཀྱི་རྣམ་པ་བརྟན་བརླིང་ལ་འགན་སྲུང་བྱས་ཡོད།  

        ཁྲིམས་ལྟར་དོ་དམ་བྱས་ནས་བྱ་ཐབས་གཅིག་དང་སྲོལ་ཡིག་གཅིག་བཏོན་པ། རྡོ་མཁར་རྫོང་གི་མེ་ཟོན་བདེ་འཇགས་དོ་དམ་གྱི་ཁྲིམས་སྐྱོང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་ཆེད། སེམས་ཀྱི་ཉི་ཟླ་གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་སྲིད་འཛིན་ཁྲིམས་འཛུགས་དང་ལག་རྩལ་ཁྲིམས་འཛུགས་གཞི་རྟེན་དུ་བྱས་ནས་རིགས་གཅིག་མཁས་ཅན་ཚོ་ཆུང་གདན་དྲངས་ཏེ《རྡོ་མཁར་རྫོང་གི་མེ་ཟོན་བདེ་འཇགས་ཆེད་དོན་རྩད་ཞིབ་དཔྱད་དཔོག་སྙན་ཞུ》དང《རྡོ་མཁར་རྫོང་གི་མེ་ཟོན་ཆེད་དོན་འཆར་འགོད(2022ལོ་ནས་2035ལོ་བར)》བརྟག་ཞིབ་བྱས་ནས་རྩོམ་འབྲི་བྱས་པ་རེད། 《རྡོ་མཁར་རྫོང་གི་མེ་ཟོན་བདེ་འཇགས་དོ་དམ་བྱ་ཐབས》དེ་2022ལོའི་ཟླ་9ཚེས་1ཉིན་ནས་དངོས་སུ་ཁྱབ་བསྒྲགས་ལག་བསྟར་བྱས་ནས་རྡོ་མཁར་རྫོང་གི་དོ་དམ་ཁྲིམས་སྐྱོང་ཅན་དང་།ལག་རྩལ་ཅན།ཚད་ལྡན་ཅན།ཆ་འཕྲིན་ཅན་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ་རེད།  

        ཕྱོགས་སོ་སོའི་འགན་འཁྲི་ནན་དུ་བཏང་ནས་མེ་ཟོན་བདེ་འཇགས་ཀྱི་རྣམ་པ་བཟང་པོ་བཏོད་པ།  རྡོ་མཁར་རྫོང་གི་མེ་ཟོན་ལས་དོན་དེ་ཁུལ་སྲིད་གཞུང་གི་འགོ་ཁྲིད་འོག་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲིད་གཞུང་གིས་གཅིག་གྱུར་ཐོག་སྒྲིག་འཛུགས་དོ་དམ་བྱེད་པ་དང་། རྡོ་མཁར་རྫོང་དོ་དམ་ཨུ་ལྷན་གྱིས་གཉེར་སྐྱོང་དུད་ཁྱིམ་ལ་དམིགས་ཏེ་བྱེད་པོའི་དོ་དམ་འགན་འཁྲི་སྒྲུབ་ཡོད།  རྒྱལ་ཐང་གྲོང་རྡལ་སྲིད་གཞུང་གི་ཁོངས་གཏོང་ཅིན་ལུང་དང་ཚང་ཧྥང་།  བྱང་སྒོ་སྡེ་ཁུལ་བཅས་ཀྱི་སྡོད་དམངས་ཀྱིས་དོ་དམ་འགན་འཁྲི་ལག་བསྟར་བྱས་ཡོད།  

        མེ་ཟོན་གྱི་རྨང་གཞིའི་སྒྲིག་བཀོད་ཉིན་བཞིན་འཐུས་ཚང་དུ་ཕྱིན་པ་དང་རིག་ནུས་བདེ་འཇགས་དོ་དམ་གྱི་ཆུ་ཚད་མཐོ་རུ་ཕྱིན་ཡོད། སྔ་རྗེས་སུ་མ་དངུལ་སྒོར་ཁྲི་4000བཏང་ནས་རྡོ་མཁར་རྫོང་གི་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་སྒྱུར་བཀོད་བྱས་ཡོད། མ་དངུལ་སྒོར་ཁྲི་785བཏང་ནས“ཀླུ་ཆུ་ནས་ཕྱོགས་བཞིའི་ཁྲོམ་གཞུང་གི་རྒྱང་རིང་ཚོད་འཛིན་ཆུ་མཁོ་འདོན་མ་ལག་བསྐྲུན་པ་དང་། རྡོ་མཁར་རྫོང་གི་རིག་ལྡན་མེ་ཟོན་དོ་དམ་ལས་སྟེགས་བསྐྲུན་ཡོད།  

        འགུལ་རྣམ་དོ་དམ་ཚོད་འཛིན་དང་མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་རྣམ་པ་གསར་པ་ཞིག་ཆགས་ཡོད་པ་རེད། རྒྱུན་ལྡན་གྱི་སྐོར་གཡེང་ཉེན་ཟོན་དང་ཆེད་དོན་ཞིབ་བཤེར་ཕན་ཚུན་ཟུང་འབྲེལ་བྱེད་པ་དང་ཆུ་ཚོད་24རིང་གི་ལས་རེས་བརྟན་སྲུང་བྱེད་པ། བརྙན་ལམ་ལྟ་ཞིབ་ཚད་ལེན། གཙོ་གནད་ཁྲོམ་གཞུང་དུ་དུས་ངེས་མེད་ངང་སྐོར་ཞིབ་བྱེད་པའི་ལམ་སྲོལ་འཛུགས་པ་དང་ཚོང་དུད་ལ“ས་ཚིགས་གཅིག”དང“དུད་ཁྱིམ་བཅུ་མཉམ་འགོག”གི་ལམ་སྲོལ་ཁྱོན་ཡོངས་ནས་ཁྱབ་གདལ་དུ་བཏང་སྟེ། སྡེ་ཚན་དང་ཡུལ་མི་མང་པོ་ཞིག་གིས་མཉམ་འབྲེལ་ཐོག་འཕྲལ་སྡོམ་ནང་སྦྱོང་ཐེངས་མང་བཅས་བྱས་ནས་རང་སྲུང་རང་སྐྱོབ་ཀྱི་ནུས་པ་ཆེ་རུ་བཏང་ཡོད་པ་རེད།