འཇོལ་རྫོང་ནས་སྒྱུ་རྩལ་དུས་ཆེན་འདི་འདྲ་ཞིག་སྤེལ་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-09-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ9པའི་ཚེས9ཉིན། བདེ་ཆེན་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བ་14པའི་བྱེད་སྒོ་རབ་དང་རིམ་པ་སྟེ་སྨན་རིའི་གཞས་ཀྱི་སྒྱུ་རྩལ་དུས་ཆེན་སྐབས་དགུ་པ་འཇོལ་རྫོང་དབུ་ནུབ་སྟེང་ཐང་ཆེན་དུ་འགོ་ཚུགས།

    འགོ་ཚུགས་མཛད་སྒོའི་ཐོག རྒྱལ་ཡོངས་ས་གནས་སོ་སོ་ནས་ཡོང་བའི་མི་རིགས་56གི་སྤུན་ཟླ་ཚོས་ལུས་ལ་ཚོན་མདངས་རྣམ་པར་བཀྲ་བའི་གཟབ་མཆོར་ལེགས་པར་སྤྲས་ཏེ་དཀར་གཙང་གངས་རིའི་ཁ་བཏགས་ལས་གྲུབ་པའི་གར་སྟེགས་ཀྱི་རྒྱབ་ཏུ་ལག་གདང་སྦྲེལ་ནས་གོམ་ཞེང་ཆེན་པོས་ཕྱིར་ཐོན་ཏེ་《ང་ཀྲུང་ཧྭ་ལ་དགའ་》ཞེས་པའི་གླུ་དབྱངས་སྐད་གསང་མཐོན་པོས་བླངས་ནས་མི་རིགས་ལྔ་བཅུ་ང་དྲུག་ནི་ཁྱིམ་ཚང་གཅིག་དང་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་པ་གསོན་ཉམས་ལྡན་པའི་སྒོ་ནས་འགྲེལ་བཤད་རྒྱག་ཡོད།

    འཇོལ་རྫོང་གི་གཞས་ཀྱི་སྒྱུ་རྩལ་དུས་ཆེན་སྐབས་དགུ་པའི་བྱེད་སྒོ་རབ་དང་རིམ་པ་ཟླ9པའི་ཚེས་12ཉིན་བར་རྒྱུན་མཐུད་བྱ་རྒྱུ་ཡིན་པ་དང་། དེའི་རིང་ཚོང་ཟོག་འགྲེམས་ཚོང་ཚོགས་འདུ་དང་། “ཁ་བ་དཀར་པོའི་”གཞས་འཁྲབ་སྟོན་དང་འགྲན་བསྡུར་ཆེ་མོ། “སྐོར་བྲོ་ལྷ་རིས”་འཁྲབ་སྟོན། ཀྲུང་གོའི་ཁ་བ་དཀར་པོའི་གཞས་ཀྱི་མཐོ་རིམ་གླེང་སྟེགས། ཉེ་འབྲེལ་ས་ཁུལ་གྱི་ཆེད་དོན་དམངས་ཕན་འཁྲབ་སྟོན་སོགས་སྣ་མང་ཕུན་སུམ་ཚོགས་པའི་དམངས་ཕན་བྱེད་སྒོ་སྤེལ་རྒྱུ་རེད།
    ཟླ9པར། བདེ་ཆེན་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བ་14པའི་བྱེད་སྒོ་རབ་དང་རིམ་པར་ད་དུང་ཁུལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་དང་། ཏང་གི་གཟི་འོད་མཐའ་མཚམས་ལ་འཕྲོས་བ་དང་མཐའ་མཚམས་མི་དམངས་ཀྱི་སེམས་པ་ཏང་ལ་ཕྱོགས་པ་——མི་རིགས་ཀྱི་གླུ་གར་སྙན་ངག་ཟློས་གར་ཆེ་གྲས་རྨི་ལམ•འཛམ་གླིང་གི་སེམས་ཀྱི་ཉི་ཟླ་ཞེས་པ་ཐོག་མར་འགྲེམ་འཁྲབ། གླུ་གར་འཁྲབ་སྟོན་དམངས་ཕན་བྱེད་སྒོ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་བསྒྲགས་བཤད་བྱེད་སྒོ་སོགས་སྤེལ་རྒྱུ་རེད།