རྣམ་འཇོམས་ཚེ་རིང་གིས་དུས་ཚིགས་བཤད་པ། བད་དཀར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-09-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲབ་།


        བད་དཀར་ནི་དུས་ཚིགས་ཉེར་བཞིའི་ནང་གི་དུས་ཚིགས་བཅོ་ལྔ་པ་ཡིན་ལ། “བད་དཀར”ཞེས་པ་ནི་རང་བྱུང་ཁམས་ཀྱི་གྲང་ངར་ཆེ་རུ་འགྲོ་ཚུལ་མཚོན་པའི་དུས་ཚིགས་གལ་ཆེན་ཞིག་རེད། བད་དཀར་དུས་ཚིགས་སུ། དབྱར་ཁའི་ཚ་རླངས་རིམ་བཞིན་མེད་པ་དང་། སྟོན་ཀར་ནམ་མཁའ་གཡའ་དག་ཅིང་བསིལ་བ། ཤིང་ཏན་ཀུའེའི་དྲི་ཞིམ་འཐུལ་བ། ཁྲུང་ཁྲུང་དང་ཁུག་རྟ་སོགས་དུས་བསྟུན་གནས་སྤོའི་བྱ་རིགས་ལྷོ་ཕྱོགས་སུ་འཕུར་ནས་གྲང་ངར་འགོག་པ། བྱ་རིགས་སྣ་ཚོགས་ཀྱིས་དགུན་སྐྱེལ་བའི་ཟས་རིགས་གསོག་ཉར་བྱེད་འགོ་བརྩམས་པ་རེད། ས་གནས་ཁག་ཀྱང་ཞིང་ལས་བྲེལ་བ་ཆེ་བའི་དུས་སུ་སླེབས་པ་རེད།