སྟོན་ཚུགས་རྗེས་ཀྱི་ཆུ་ཀུབ་བཟའ་རུང་ངམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-09-08   རྩོམ་ཁུངས།    མཚོ་སྔོན་ཉིན་རེའི་ཚགས་པར།

        དབྱར་ཁར་ཆུ་ཀུབ་ཟོས་ན་སྐོམ་སོད་ལ་ཚ་གདུག་སེལ་བ་དང་།གཅིན་འབབ་པ་དང་དུག་སེལ་ཐུབ་མོད།འོན་ཀྱང་ལུས་ཁམས་གསོ་སྟངས་ཀྱི་ཐད་ནས་བཤད་ན། སྟོན་ཚུགས་རྗེས་ཆུ་ཀུབ་བཟའ་མི་རུང་བ་རེད། དོན་དངོས་སུ་བཤད་ཚུལ་འདི་ལ་ཚན་རིག་གི་གཞི་འཛིན་ས་མེད།

    སྟོན་ཚུགས་རྗེས་ཆུ་ཀུབ་བཟའ་རུང་མིན་དེ་དུས་ཚིགས་དང་འབྲེལ་བ་མེད་པར།མི་རང་ཉིད་ཀྱི་ལུས་པོ་དང་འབྲེལ་བ་ཡོད་པ་རེད།ཕོ་མཚེར་གྱི་བྱེད་ནུས་ཧ་ཅང་བཟང་བའི་མི་ལ་མཚོན་ན།སྟོན་ཁའི་ཆུ་ཀུབ་ཀྱང་བཟའ་རུང་ལ།རྒན་པ་དང་བྱིས་པ།ཕོ་མཚེར་གྱི་བྱེད་ནུས་མི་བཟང་བའི་མི་ལ་མཚོན་ན།སྟོན་ཚུགས་རྗེས་ཆུ་ཀུབ་མ་ཟོས་ན་བཟང་།རྒྱུ་མཚན་ནི་ཆུ་ཀུབ་ནི་འཁྱགས་ཟས་ཀྱི་རིགས་སུ་གཏོགས་པས།ཕོ་མཚེར་གྱི་བྱེད་ནུས་མི་བཟང་བའི་མི་ལ་ཕྱི་རོལ་གྱི་ཁོར་ཡུག་འོག འཁྱགས་ཟས་ཀྱི་ཕོག་ཐུག་གཏོང་བ་དང་། ཕོ་རྒྱུའི་བྱེད་ནུས་འཁྲུགས་ཏེ་གསུས་ཁོག་ན་བ་དང་ཁོག་པ་བཤལ་བ་སོགས་འཇུ་ལམ་གྱི་ནད་རྟགས་འབྱུང་སླ།