འཇོལ་རྫོང་གིས་ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱི་ཚོང་འདུས་གཉེར་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-09-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

   

       སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ9པའི་ཚེས་1ཉིན།བདེ་ཆེན་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བ་སྐབས་14པའི་རིམ་སྤེལ་བྱེད་སྒོའི་ཁྲོད་ཀྱི་འཇོལ་རྫོང་གི་ཞིང་ལས་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་ཚོང་འདུས་དངོས་སུ་འགོ་ཚུགས་པ་རེད། ཐེངས་འདིའི་ཚོང་འདུས་ལ་ས་གནས་མང་ཚོགས་ཀྱི་དགའ་བསུ་ཐོབ་པས་ག་ས་གང་དུ་འཁྲུག་ཆ་ཧ་ཅང་དོད་པོ་འདུག

    ཐེངས་འདིའི་འགྲེམས་ཚོང་ནང་འཇོལ་རྫོང་ནས་ཡོང་བའི་ཁེ་ལས་24དང་ས་ཆ་གཞན་གྱི་ཚོང་འགྲུལ་པ་བརྒྱ་ཙམ་ཞུགས་ཡོད་ལ།ཟླ་9པའི་ཚེས་1ཉིན་ནས་ཚེས་12ཉིན་བར་སྤེལ་རྒྱུ་རེད།

    ས་གནས་རང་གི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཁྲོད་དངུལ་བཟོས་ཐོན་རྫས་དང་ཤིང་ཕོར་སོགས་བཟོ་རྩལ་ཐོན་རྫས་དང་།བོད་ལྭ། ཞིང་ལས་ཁྱད་ལྡན་ཐོན་རྫས་བཅས་ཚུད་ཡོད་ལ།ས་ཆ་གཞན་གྱི་ཚོང་འགྲུལ་པས་འཁྱེར་ཡོང་བའི་འཚོ་བའི་མཁོ་ཆས་སྣ་ཚོགས་ཆ་ཚང་བ་དང་ད་དུང་གྱོན་ཆས་དང་ཟས་མཆོག་སོགས་གང་དགོས་ཅི་དགོས་ཡོད་པ་རེད།ལྷག་པར་དུ་གནས་སྐབས་སུ་བསྐྲུན་པའི་རོལ་རྩེད་ཁང་ལ་བྱིས་པ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་རེད།    

    འགྲེམས་ཚོང་ཚོང་འདུས་ཀྱིས་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་སྤེལ་རེས་ལ་སྐུལ་འདེད་བཏང་བ་མ་ཟད།ས་གནས་མང་ཚོགས་ཀྱིས་རང་ཁྱིམ་གྱི་སྒོ་འགྲམ་ནས་ཁྱད་ལྡན་ཐོན་རྫས་ཉོ་ཐུབ་པར་བྱས་པ་དང་། ཞིང་ལས་ཐོན་རྫས་ཀྱི་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་ཀྱང་མཐོ་རུ་བཏང་ནས་ཞིང་པར་འབབ་འཕར་ཡོང་རོགས་དང་གྲོང་གསེབ་དར་རྒྱས་ཡོང་རྒྱུར་རོགས་རམ་དེ་བས་ལེགས་པ་བྱས་པ་རེད།