བདེ་ཆེན་གྱིས་དམངས་ཕན་སྲིད་ཇུས་འདི་དོན་འཁྱོལ་ཡག་པོ་བྱས་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-09-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ད་ལོའི་ཚུན་དུ།བདེ་ཆེན་ཁུལ་སྨན་བཅོས་འགན་བཅོལ་ཁོངས་གཏོགས་ཀྱིས་མུ་མཐུད་དུ་རྐྱེན་སྲོལ་འཛུགས་སྐྲུན་དང་།དྲ་བ་དམ་ཚགས་བཟོ་བ།ཞབས་ཞུ་ཡག་པོ་བཅས་བྱས་པས་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་ཡོད། ཟླ6པའི་ཚེས་30ཉིན་བར། ཁུལ་ཡོངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་ཁྲི་35.84ཟིན་ནས་འགན་བཅོལ་ནང་ཞུགས་ཚད་95%ཡན་ཟིན་ཡོད་པ་རེད།     ཁུལ་ཡོངས་ཀྱི་སྨན་བཅོས་འགན་བཅོལ་ཐེབས་རྩའི་ཡོང་འབབ་སྒོར་དུང་ཕྱུར་4.94དང་གཏོང་སྒོ་སྒོར་དུང་ཕྱུར་2.86ཟིན་པ།རིམ་རྩིས་བྱས་ན་ལྷག་གྲངས་སྒོར་དུང་ཕྱུར་18.82ཟིན་ནས་ཐེབས་རྩའི་སྤྱིའི་བདེ་འཇགས་བརྟན་པོ་དང་ཉེན་ཁ་ཚོད་འཛིན་ཐུབ་ཡོད་པ་རེད། 

    ལོ་སྟོད་དུ། ཁུལ་སྨན་བཅོས་འགན་བཅོལ་ཁོངས་གཏོགས་ཀྱིས་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་ལ་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་བཏང་ཡོད། ལོ་འདིར་ཁུལ་མི་དམངས་སྨན་ཁང་གིསDRGགཏོང་སྤྲོད་རྩིས་རྒྱག་ལག་ལེན་བསྟར་རྒྱུ་དང་2024ལོར་སླེབས་སྐབས་ཁུལ་ཡོངས་ཀྱི་རིམ་པ་གཉིས་པའི་སྨན་ཁང་ཚང་མར་DRGགཏོང་སྤྲོད་བསྡོམས་རྩིས་རྒྱག་རྒྱུ་མངོན་འགྱུར་བྱས་ནས། སྤུས་ཚད་འགན་ལེན་དང་།    མ་གནས་ཚོད་འཛིན།    སྨན་བཅོས་ཚད་ལྡན་སོགས་ལྟེ་བར་བྱས་པའི་སྨན་རིན་སྤྲོད་པ་དང་ཕན་འབྲས་དོ་དམ་མ་ལག་བསྐྲུན་ནས་འགན་བཅོལ་ནང་ཞུགས་པའི་མང་ཚོགས་དང་།    སྨན་བཅོས་སྒྲིག་གཞི།    སྨན་བཅོས་འགན་བཅོལ་ཐེབས་རྩ་བཅས་ཕྱོགས་མང་གཉིས་ཁེ་ཡོང་བའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་རྒྱུ་རེད།

    དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དང་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་འབྲེལ་ཡོད་ལས་དོན་ལ་སྐུལ་འདེད་གཏོང་བ། སྲིད་གཞུང་གི་རོགས་སྐྱོབ་ལས་སྟེགས་ཞེས་པའི་སྨན་བཅོས་འགན་བཅོལ་ལས་དོན་གྱི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཡོད། ཞིང་ཆེན་ཡོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་ཁུལ་རིམ་པས་སྤྱི་འདོམས་དང་དེ་བཞིན་ཁུལ་ནང་ཁུལ་གྱི་གཅིག་འཐུས་རྣམ་པའི་རྩིས་རྒྱག་ཞབས་ཞུ་སྔོན་ལ་ལག་བསྟར་བྱས་ནས། སྨན་བཅོས་རོགས་སྐྱོབ་ཀྱི་ཆ་རྐྱེན་དང་མཐུན་པའི་འགན་བཅོལ་ནང་ཞུགས་མཁན་སྨན་བཅོས་རོགས་སྐྱོབ་ཀྱི་ཁྱབ་ཁོངས་ནང་བཅུག་ཡོད་པ་རེད།     ཞིང་ཆེན་ཡོངས་ཀྱི་གཅིག་གྱུར་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་རིཌ་24དང་སྒོ་བསྟེན་རྒྱུན་ནད་ནད་རིགས་23གྱི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་རེད། 

    སྨན་བཅོས་འགན་བཅོལ་ཞབས་ཞུའི་རྣམ་གྲངས་40སྨན་བཅོས་འགན་བཅོལ་ཚོམས་ཆེན་དུ་ཞུགས་ནས། ཕྱོགས་བསྡུས་སྒྲོམ་ཞབས་ལམ་ལུགས་སྒྱུར་བཅོས་ལག་ལེན་བསྟར་རྒྱུར་སྐུལ་འདེད་བཏང་བ་དང་སྒྲུབ་གཉེར་ཞབས་ཞུའི་དོ་དམ་བརྒྱུད་རིམ་ཚད་ལྡན་དུ་བཏང་བ། ཞབས་ཞུའི་སྤུས་ཚད་ལེགས་སུ་བཏང་བ་བཅས་བྱས་ནས།    སྨན་བཅོས་འགན་ལེན་ལས་སྒོའི་གཅིག་འཐུས་ཞབས་ཞུ་དང་།    སྐར་ཁུང་གཅིག་གིས་སྒྲུབ་པ།    ཐོ་གཅིག་གིས་བསྡོམས་རྩིས་རྒྱག་པ་བཅས་བྱས་ཡོད་པ་རེད།   

   ཞིང་ཆེན་སྒྲོལ་ནས་ས་ཆ་གཞན་དུ་སྨན་བཅོས་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱས་ནས་ཁུལ་ཡོངས་ཀྱི་སྨན་བཅོས་སྒྲིག་གཞིས་སྤྲོད་དགོས་ངེས་ཀྱི་སྨན་རིན་ཆ་ཚང་ལེན་པའི་རྩ་དོན་ལྟར་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་དྲ་རྒྱའི་སྦྲེལ་མཐུད་བྱས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་ཞིང་ཆེན་ནང་ཁུལ་གྱི་ས་ཆ་གཞན་དུ་སྨན་བཅོས་ཐོ་འགོད་བྱེད་པའི་འགྲོ་ལུགས་མེད་པ་བཟོས་པ།    སྒོ་བསྟེན་གྱི་གཅོང་ནད་དང་སྨན་ཁང་དུ་སྡོད་པ་སོགས་ཞིང་ཆེན་སྒྲོལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་སྨན་རིན་ཐད་ཀར་རྩིས་རྒྱག་པའི་ལས་སྒོ་བཏོད་ཡོད་པ་རེད།