རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-09-04   རྩོམ་ཁུངས།    མི་དམངས་དྲ་བ།
ཟླ་8ཚེས་27ཉིན། གསར་འགོད་པས་བོད་ལྗོངས་ནག་ཆུ་ས་ཁུལ་འབྲི་རུ་རྫོང་བསག་ཕུ་གངས་རིའི་མཛེས་ལྗོངས་པར་དུ་བླངས་པ། བསག་ཕུ་ནི་འབྲི་རུ་རྫོང་གཡང་ཤོད་ཤང་གི་ལུང་ཤུར་ཞིག་དུ་ཡོད་པ་དང་། དེའི་མིང་ཆ་ཚང་ལ་བསག་ཕུ་གངས་རི་ཟེར། བསག་ཕུ་གངས་རི་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་6996ཡོད་པ་དང་། རི་བོ་ཧི་མ་ལ་ཡའི་བྱང་རྒྱུད་དང་གཉན་ཆེན་ཐང་ལྷའི་ཤར་རྒྱུད་ཀྱི་རི་བོ་མཐོ་ཤོས་དེ་རེད། བསག་ཕུ་རི་གངས་རིའི་འདབ་ཏུ་མཚེའུ་དྭངས་མ་མེ་ལོང་ལྟ་བུ་ཞིག་ཡོད་ཅིང་། དེའི་མིང་ལ་ས་སྨུག་མཚོ་ཟེར། དེ་ནི་ལོ་ངོ་སྟོང་གི་རིང་ལ་གངས་འཁྱགས་ཞུ་ནས་ཆགས་པ་དང་། རི་འདབས་སུ་རིང་དུ་བསྲིངས་ཤིང་། ཁག་གཉིས་སུ་གྱེས་ནས་ཡོད་ཅིང་། རི་འདབས་སུ་ཆགས་པའི་འཁྱགས་པའི་མཚེའུ་ཡིན་ཞིང་། ལོ་འཁོར་མོར་འཁྱགས་པ་མི་ཞུ་བ་རེད།