འཇོལ་རྫོང་དུ་ཁ་བ་དཀར་པོ་བུམ་པའི་ལག་རྩེད་སྤོ་ལོ་འགྲན་བསྡུར་སྤེལ་བ

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-09-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ8པའི་ཚེས31ཉིན།བདེ་ཆེན་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཟླ་བ་སྐབས་བཅུ་བཞི་པའི་བྱེད་སྒོ་རབ་དང་རིམ་པའི་ཁྲོད་འཇོལ་རྫོང་གི་སྐྱེས་པའི་སྐབས་27པ་དང་བུད་མེད་ཀྱི་སྐབས་16པའི་ཁ་བ་དཀར་པོ་བུམ་པ་ཞེས་པའི་ལག་རྩེད་སྤོ་ལོའི་འགྲན་བསྡུར་སྤེལ་འགོ་ཚུགས་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཁ་བ་དཀར་པོ་བུམ་པའི་ལག་རྩེད་སྤོ་ལོའི་འགྲན་བསྡུར་ནི་དུས་ཡུན་ཉིན་7རིང་སྤེལ་རྒྱུ་ཡིན་ལ།རྫོང་ཡོངས་ཀྱི་ཁྱོན་བསྡོམས་སྐྱེས་པའི་ལག་རྩེད་སྤོ་ལོའི་འཐུས་མི་རུ་ཁག་10དང་བུད་མེད་ཀྱི་ལག་རྩེད་སྤོ་ལོའི་འཐུས་མི་རུ་ཁག་4འགྲན་བསྡུར་ནང་ཞུགས་ཡོད་པ་རེད།འགྲན་བསྡུར་དྲང་སྙོམས་དྲང་གཞག་ཡོང་ཆེད་སྐབས་འདིའི་ལག་རྩེད་སྤོ་ལོའི་འགྲན་བསྡུར་ནང་རང་ཞིང་ཆེན་གྱི་རྒྱལ་ཁབ་རིམ་པའི་ཤན་འབྱེད་པ་མང་པོ་གདན་དྲངས་ནས་ཁྲིམས་འཛིན་བྱས་པ་རེད།

    རྒྱུས་ལོན་བྱུང་བ་ལྟར་ན།འཇོལ་རྫོང་ཁ་བ་དཀར་པོ་བུམ་པའི་ལག་རྩེད་སྤོ་ལོའི་འགྲན་བསྡུར་དེ་དུས་རབས་གོང་མའི་ལོ་རབས་80པ་ནས་འགོ་བཙུགས་ཏེ་གཉེར་འགོ་ཚུགས་ལ། ཁ་བ་དཀར་པོའི་རྒྱལ་ཁབ་ཀྱི་ལུས་རྩལ་ཡུལ་སྐོར་དཔེ་སྟོན་རྟེན་གཞི་ཁྱབ་གདལ་དང་དྲིལ་བསྒྲགས་བྱེད་པ་དང་དམངས་ཡོངས་ཀྱི་ལུས་སྦྱོང་ལ་སྐུལ་འདེད་དང་ཁྱབ་གདལ་བཏང་བ།འཇོལ་རྫོང་གི་སྣང་བརྙན་ལེགས་པར་མངོན་ནས་ཁ་བ་དཀར་པོའི་གཏམ་རྒྱུད་བརྗོད་པ་དང་ཁྱབ་གདལ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།