སློབ་གྲྭ་འདིས་སློབ་མ་ཁག་དང་པོ་བསུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-09-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་8ཚེས་30ཉིན་གྱི་སྔ་དྲོ།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལས་རིགས་སློབ་གླིང་གིས་སློབ་མ་ཁག་དང་པོ་དེ་བསུས།

    སེམས་ཀྱི་ཉི་ཟླའི་ལས་རིགས་སློབ་གླིང་ནི་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་ནས་བཙུགས་པ་དང་རྒྱལ་ཁབ་སློབ་གསོ་པུས་ཐོ་འགོད་བྱས་པའི་ཉིན་གང་ལམ་ལུགས་ཀྱི་གཞུང་བཙུགས་མཐོ་རིམ་ལས་རིགས་སློབ་གླིང་ཞིག་ཡིན་པ་དང་། སློབ་གླིང་བཙུགས་པ་དེས་བདེ་ཆེན་ཁུལ་གྱི་མཐོ་རིམ་སློབ་གླིང་ལ“གཅིག་ཀྱང་མེད་པའི”ཚད་བརྒལ་བྱུང་ཡོད། སློབ་གླིང་གིས་2023ལོའི་ཟླ་6པར་སྒོ་བྱང་བཀལ་ལ་ཐམ་ཀ་གནང་། ཟླ་8པར་ཞིང་ཆེན་ཡོངས་སུ་ཕྱོགས་ནས་སློབ་བསྡུ་བྱེད་འགོ་ཚུགས་པ་རེད། སློབ་གླིང་གིས་སློབ་གཉེར་བྱེད་སྐབས་ལོ་གསུམ་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གྲྭའི་ཆེད་སྦྱོང་ཚན་ཁག་དང་ལོ་ལྔའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གྲྭའི་མཐོ་རིམ་ལས་རིགས་སློབ་གྲྭའི་སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་གཙོ་བོར་བྱས་ཏེ་སྣ་མང་ཅན་གྱི་རྒྱུན་མཐུད་སློབ་གསོ་དང་སྤྱི་ཚོགས་གསོ་སྦྱོང་ཤུགས་ཆེན་བྱས་ཏེ། གཙོ་བོ་ཐོན་སྐྱེད་འཛུགས་སྐྲུན་དང་དོ་དམ་ཞབས་ཞུའི་འཐབ་ས་དང་པོར་ཕྱོགས་ནས་ཆེད་ལས་རྨང་གཞིའི་ཤེས་བྱ་བརྟན་པོ་ཡོད་པ་དང་ཆེད་ལས་ཀྱི་ལྟེ་བའི་ནུས་པ་མངོན་གསལ་དོད་པོ་དང་ཆེད་ལས་མིན་པའི་སྣུར་སྲིང་ནུས་པ་ཆེ་ཙམ་ལྡན་པ། དེ་བཞིན་ཆེད་ལས་མིན་པའི་རྩལ་ནུས་དང་ཕྱོགས་བསྡུས་བྱང་ཚད་ཅུང་ལེགས་པའི་ཕྱོགས་ཡོངས་ཀྱི་ལག་རྩལ་ལྡན་པའི་ཤེས་ལྡན་པ་གསོ་སྐྱོང་བྱས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་8ཚེས་24ཉིན་བར་སློབ་གླིང་གི་སློབ་ཡུན་ལོ་གསུམ་ལམ་ལུགས་ཀྱི་ཆེད་སྦྱོང་ཚན་ཁག་ནས་སློབ་མ་བསྡུ་བའི་ཆེད་ལས་ཁག་དང་པོ་ནི་ཕྱུགས་ལས་དང་ཕྱུགས་རིགས་སྨན་པ་དང་།ལུས་གསོའི་སྨན་བཅོས་ལག་རྩལ།ནགས་ལས་ལག་རྩལ། ཡུལ་སྐོར་དོ་དམ། དེང་རབས་དྲུང་ཡིག་བཅས་ཆེད་ལས་5ཡིས་ཞིང་ཆེན་ཡོངས་སུ་སློབ་མ་520བསྡུ་རྒྱུ་དང་། ལོ་ལྔའི་ལམ་ལུགས་ཀྱི་ཆེད་ཚན་སློབ་གྲྭའི་ཕྱུགས་ལས་སྨན་བཅོས་ལག་རྩལ།ནགས་ལས་ལག་རྩལ། ཡུལ་སྐོར་དོ་དམ་བཅས་ཆེད་ལས་4ཡིན་ཞིང་། ཞིང་ཆེན་ཡོངས་སུ་སློབ་མ་450བསྡུ་རྒྱུ་ཡིན་པ་དང་། དེར་ཁྱོན་སློབ་མ་417བསྡུ་རྒྱུ་ཡིན་པ་དང་། སློབ་མ་ཚང་མ་བདེ་ཆེན་ནས་ཡིན་པ།མིག་སྔར་སློབ་མ་348སློབ་གྲྭར་འབྱོར་ཐོ་བཀོད་ཡོད་པ་རེད།