སྨན་འདི་དག་ཚོང་མཚམས་འཇོག་དགོས་པའི་བརྡ་བཏང་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-08-31   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡི་དྲ་ཚིགས་སྟེང་སྨན་རྫས་ཁག་བཅུ་བཞི་གཏན་འབེབས་དང་མི་མཐུན་པའི་བརྡ་ཁྱབ་བཏང་ཡོད། ཧྲང་ཧའེ་གྲོང་ཁྱེར་ཟས་རིགས་དང་སྨན་རྫས་ཞིབ་བཤེར་ཞིབ་འཇུག་ཁང་སོགས་སྨན་རྫས་ཞིབ་བཤེར་ལས་ཁུངས་ཁག་བཞིས་ཞིབ་དཔྱད་བྱས་པ་བརྒྱུད། ཁེ་ལས་བཅུ་གཅིག་གིས་ཐོན་སྐྱེད་བྱས་པའི་སྨན་རྫས་ཁག་བཅུ་བཞི་གཏན་འབེབས་དང་མི་མཐུན་པ་ཤེས།  ད་ལྟ་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།

    གཅིག ཧྲང་ཧའེ་གྲོང་ཁྱེར་ཟས་རིགས་དང་སྨན་རྫས་ཞིབ་བཤེར་ཞིབ་འཇུག་ཁང་གིས་ཞིབ་དཔྱད་བྱས་པ་བརྒྱུད། ཧྲན་ཏུང་རུའེ་ཨན་སྨན་རྫས་ལས་རིགས་ཚད་ཡོད་ཀུང་སིས་ཁྲི་ཧྥིན་ཝན་ཙིག་སྨན་རྫས་མ་རྐང་ཚད་ཡོད་ཀུང་སིར་མངགས་བཅོལ་བྱས་ནས་ཐོན་སྐྱེད་བྱས་པའི་ཐ་ཁེ་མོ་སི་བྱུག་སྨན་ཁག་གསུམ་གཏན་འབེབས་དང་མི་མཐུན་པ་དང་། གཏན་འབེབས་དང་མཐུན་མེད་པའི་ཆ་ནི་འབྲེལ་ཡོད་རྫས་རྒྱུ་ཡིན་པ་ཤེས་རྟོགས་བྱུང་།

ཀྲུང་གོ་ཟས་རིགས་དང་སྨན་རྫས་ཞིབ་གཅོད་གཏན་འཁེལ་ཞིབ་འཇུག་ཁང་གིས་ཞིབ་དཔྱད་བྱས་པ་བརྒྱུད། ཀྲེ་ཅང་ཅན་ཧྥིན་སྨན་རྫས་ལས་རིགས་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་ཚྭ་སྐྱུར་ཨའོ་ལུའོ་ཐ་ཏིང་མིག་སྨན་ཁག་ཅིག་གཏན་འབེབས་དང་མི་མཐུན་པ་དང་། གཏན་འབེབས་དང་མཐུན་མེད་པའི་ཆ་ནི་གྲངས་འབོར་ཡིན་པ་ཤེས།

    ཧྲིན་ཀྲིན་གྲོང་ཁྱེར་སྨན་རྫས་ཞིབ་བཤེར་ཞིབ་འཇུག་ཁང་གིས་ཞིབ་དཔྱད་བྱས་པ་བརྒྱུད། ཧྲན་ཞི་ཁང་དབྱི་ཧིན་ཐའེ་སྨན་རྫས་ལས་རིགས་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་དར་སྲིན་ཁག་གཅིག་གཏན་འབེབས་དང་མི་མཐུན་པ་དང་། གཏན་འབེབས་དང་མཐུན་མེད་པ་ནི་ངོ་བོ་དང་གཟུགས་དབྱིབས། སྤྱིའི་ཐལ་རྡུལ་བཅས་ཡིན་པ་རེད།

    ཀྲེ་ཅང་ཞིང་ཆེན་ཟས་རིགས་དང་སྨན་རྫས་ཞིབ་བཤེར་ཞིབ་འཇུག་ཁང་གིས་ཞིབ་དཔྱད་བྱས་པ་བརྒྱུད། ཧི་པེ་རུན་ཧྭ་སྨན་རྫས་ལས་རིགས་ཚད་ཡོད་ཀུང་སི་དང་ཧི་པེ་ཁང་དབྱི་ཆང་སྨན་རྫས་ཚད་ཡོད་ཀུང་སི། ཨན་ཧོས་ཞུས་སུང་ཀྲུང་ལུགས་སྨན་རྫས་འཐུང་སྨན་ཚད་ཡོད་ཀུང་སི། ཨན་ཧོས་ཞིང་ཆེན་ཙིག་ཧྭ་རྒྱལ་སྨན་འཐུང་སྨན་ཚད་ཡོད་ཀུང་སི། ཧྲན་ཏུང་ཆན་ཧི་ཀྲུང་ལུགས་སྨན་རྫས་འཐུང་སྨན་ཚད་ཡོད་ཀུང་སི། ཁྲིན་ཏུའུ་ཧི་ཞང་ཐེན་སྨན་རྫས་ཚད་ཡོད་ཀུང་སི། ཡུས་ལིན་གྲོང་ཁྱེར་ཀོང་ཅི་ཐང་ཀྲུང་ལུགས་སྨན་རྫས་གསར་སྤེལ་འགན་འཁྲི་ཚད་ཡོད་ཀུང་སི། ཞིན་ཅང་ཨིན་ཙིག་ཀྲུང་ལུགས་སྨན་རྫས་འཐུང་སྨན་ཚད་ཡོད་ཀུང་སི་བཅས་ཀྱིས་ཐོན་སྐྱེད་བྱས་པའི་སྐྱུར་འབྲས་བརྔོས་མ་ཁག་དགུ་གཏན་འབེབས་དང་མི་མཐུན་པ་ཤེས་པ་དང་། གཏན་འབེབས་དང་མཐུན་མེད་པ་ནི་ཆུའི་འདུས་ཚད་ཡིན་པ་རེད།

    གཉིས། གོང་གསལ་གྱི་གཏན་འབེབས་དང་མི་མཐུན་པའི་སྨན་རྫས་ལ་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་འབྲེལ་ཡོད་ཁེ་ལས་དང་ལས་ཁུངས་ལ་གནས་སྐབས་བྲིན་འཚོང་དང་བེད་སྤྱོད་བྱེད་མཚམས་འཇོག་པ་དང་། ཕྱིར་བསྡུ་བ་སོགས་ཀྱི་ཉེན་ཁ་ཚོད་འཛིན་བྱེད་ཐབས་སྤྱོད་དགོས་པའི་བླང་བྱ་བཏོན་པ་དང་། གཏན་འབེབས་དང་མི་མཐུན་པའི་རྒྱུ་རྐྱེན་ལ་བརྟག་དཔྱད་བྱས་པ་དང་འབྲེལ་དག་ཐེར་ནན་མོ་བྱས་ཡོད།

    གསུམ། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་འབྲེལ་ཡོད་ཞིང་ཆེན་རིམ་པའི་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྨན་རྫས་དོ་དམ་བཅའ་ཁྲིམས་གཞིར་བཟུང་ནས། གོང་གསལ་ཁེ་ལས་དང་ལས་ཁུངས་ལ་གནས་པའི་ཁྲིམས་འགལ་བྱ་སྤྱོད་ལ་ཐོ་འགོད་བརྟག་དཔྱད་བྱ་རྒྱུ་དང་འབྲེལ་གཏན་འབེབས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པའི་འཇུག་འབྲས་ཡོངས་བསྒྲགས་བྱ་རྒྱུའི་བླང་བྱ་བཏོན་ཡོད། །