བདེ་ཆེན་ཁུལ་སློབ་འབྲིང་དང་པོའི་སྒོ་བྱང་བཀལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-08-31   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

图片

    ཟླ་8ཚེས་30ཉིན་གྱི་ཕྱི་དྲོ། བདེ་ཆེན་ཁུལ་སློབ་འབྲིང་དང་པོའི་སྒོ་བྱང་བཀལ་ནས་ཐམ་ག་གནང་བའི་མཛད་སྒོ་འཚོགས་ལ། འདིས་ཧུའེ་ཙེ་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ནང་འདྲེན་བྱེད་པའི་བདེ་ཆེན་ཁུལ་སློབ་འབྲིང་དང་པོས་དངོས་སུ་སློབ་གཉེར་བྱེད་འགོ་ཚུགས་པ་མཚོན་ཡོད།

    ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥུང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁུལ་དཔོན་ཝུའེ་ཏུང་བཅས་ཀྱིས་བདེ་ཆེན་ཁུལ་སློབ་འབྲིང་དང་པོའི་སྒོ་བྱང་གི་ཡོལ་ཁེབས་ཕྱེ་བ་རེད།

图片

    ལུའོ་ཁྲའོ་ཧྥུང་གིས་བདེ་ཆེན་ཁུལ་སློབ་འབྲིང་དང་པོར་ཐམ་ཀ་གནང་།

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཡན་ལན་གྱིས་གཙོ་སྐྱོང་གནང་ལ། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡུས་ཧྲེང་ཞང་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མེའོ་ཡིའུ་ཧྥ་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས་ཡོད་པ་རེད།

    མཛད་སྒོའི་ཐོག《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་བདེ་ཆེན་ཁུལ་སློབ་འབྲིང་དང་པོ་འཛུགས་རྒྱུར་མོས་མཐུན་བྱུང་བའི་སྐོར་གྱི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མཆན་བཀོད་བཀའ་ལན》སྒྲོག་སྦྱངས་གནང་བ་རེད།

图片

    ཀྲང་ཝུའེ་ཏུང་གིས་ཤིས་ཚིག་གནང་སྐབས། སློབ་གྲྭ་ཡག་པོ་གཉེར་ཆེད། རང་ཁུལ་གྱིས་གནས་ཡུལ་འདེམས་སྒྲུག་གི་ཇུས་གཞི་དང་སློབ་གཉེར་བྱེད་སྟངས་རིགས་པས་ཁུངས་སྐྱེལ་ནན་པོ་བྱས་པ་དང་། ཆུས་ཅིན་དུ་ཐེངས་མང་བོ་སོང་ནས་རོགས་སྐྱོར་བརྩོན་ལེན་བྱས་ལ། མ་དངུལ་ངོ་མ་བཏང་བ་དང་གཟིགས་སྐྱོང་སྲིད་ཇུས་བཏོན་པ། ཕུལ་བྱུང་རིགས་གཅིག་མཁས་ཅན་གྱི་དགེ་རྒན་ནང་འདྲེན་བྱས་པ། སློབ་མ་སྤུས་ལེགས་བསྡུ་ལེན་བཅས་བྱས་ཡོད། ཁོང་གིས་འབྲེལ་ཡོད་སྡེ་ཚན་ཁག་གིས་ཞིང་ཆེན་ཡོངས་དང་ཁུལ་ཡོངས་ཀྱི་སློབ་གསོ་འཕེལ་རྒྱས་ཚོགས་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་དགེ་རྒན་དཔུང་ཁག་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི“ཡོད་པ་བཞིའི”དགེ་རྒན་ཡག་པོ་ཕྱོགས་སྟོན་དུ་འཛིན་དགོས། སློབ་མ་ཚང་མས་རྒྱང་རིང་གི་མི་ཚེའི་དམིགས་ཚད་དང་ཡང་དག་པའི་མི་ཚེའི་ལྟ་བ་དང་རིན་ཐང་ལྟ་བ་འཛུགས་དགོས་པའི་བླང་བྱ་བཏོན་ཡོད།

    བདེ་ཆེན་ཁུལ་སློབ་འབྲིང་དང་པོའི་སློབ་སྤྱི་ཏེ་ཤིན་ཧུང་གིས་གཏམ་བཤད་གནང་ཞིང་། ཁོང་གིས་སློབ་གྲྭས་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་བསྟར་མཐའ་གཅིག་ཏུ་བྱེད་ལ། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། དགེ་རྒན་དཔུང་ཁག་གསོ་སྦྱོང་དང་གསོ་སྦྱོང་ལ་དམ་འཛིན་ཏན་ཏིག་བྱེད་པ།སློབ་ཁྲིད་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། སློབ་གཉེར་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་བདེ་ཆེན་མི་དམངས་ཀྱི་སྒོ་འགྲམ་གྱི་སློབ་གྲྭ་ནུས་ཤུགས་ཡོད་རྒུས་ཡག་པོ་གཉེར་རྒྱུ་ཡིན་ཞེས་བཤད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བདེ་ཆེན་ཁུལ་སློབ་འབྲིང་དང་པོ་དེ་ཁུལ་མི་དམངས་སྲིད་གཞུང་གིས་གཉེར་བ་དང་གཞུང་བཙུགས་ཆ་ཚང་སློབ་འབྲིང་གི་ཁོངས་སུ་གཏོགས་པ་དང་། ཁག་དང་པོའི་སློབ་བསྡུའི་སློབ་གཉེར་ས་གནས་བདེ་ཆེན་ཁུལ་མི་རིགས་སློབ་འབྲིང(བྱང་ཕྱོགས་སློབ་གླིང་)དང་། 2023ལོར་ཁག་དང་པོའི་འཛིན་གྲྭ་4ཡི་སློབ་མ་200བསྡུས་ཡོད་པ་རེད།