རང་ཁུལ་གྱིས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལས་ཀ་ཡག་པོ་བསྒྲུབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-08-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཉེ་བའི་ལོ་ཤས་རིང་།བདེ་ཆེན་ཁུལ་གྱིས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ལག་ལེན་གཏིང་ཟབ་བསྟར་ནས་བློ་བརྟན་འགྱུར་མེད་ངང་སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པ་དང་།  ཚན་རིག་དང་མཐུན་པའི་གནད་སྨིན་ཇུས་འདོན་མཐའ་འཁྱོངས་བྱས་ཏེ་གནམ་སྔོན་པོ་དང་ཆུ་དྭངས་མོ།རི་སྔོན་པོ།ས་གཙང་བོ་བཅས་སྲུང་སྐྱོང་དམག་འཐབ་ཆེན་པོ་བཞི་་དམ་འཛིན་བྱ་གཞིར་བྱས་ནས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་གཏིང་ཟབ་བརྒྱབ་སྟེ་རྒྱལ་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་གཏོད་པའི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་བ་རེད། 

图片

   གནམ་སྔོན་པོ་སྲུང་སྐྱོབ་བྱེད་པའི་དམག་འཐབ་ཡག་པོ་རྒྱག་དགོས།ཨར་ལས་དང་གྲོང་ཁྱེར་གྱི་འགྲོ་ལམ་གྱི་ཐལ་རྡུལ་སྦགས་བཙོག་བཅོས་སྒྲིག་གི་ཉིན་བརྒྱའི་བྱ་སྤྱོད་ཧུར་ཐག་སྤེལ་ནས་མཁའ་རླུང་གི་སྤུས་ཚད་སྔོན་དཔག་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་།ཁྲའེ་ཡིའུ་སྣུམ་ཟོག་འདྲེན་རླངས་འཁོར་གྱི་སྦགས་བཙོག་བཅོས་སྒྲིག་གི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ། 

    ཆུ་དྭངས་མོ་སྲུང་སྐྱོབ་ཀྱི་དམག་འཐབ་ཡག་པོ་རྒྱག་དགོས།       འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་ལས་དོན་རྒྱུན་མཐུད་ངང་སྤེལ་བ་དང་རྫོང་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་གྱི་ས་ངོས་ཆུ་དབྱིབས་ཀྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་ཁུལ་གྲལ་བཤེར་བཅོས་སྒྲིག་ལས་དོན་ཧུར་ཐག་སྤེལ་བ། གྲོང་ཁྱེར་འཛུགས་སྐྲུན་ཁུལ་གྱི་ཆུ་འཛུལ་བཙོག་འབུད་མདོ་ཁ་ཕུགས་འདེད་བཅོས་སྒྲིག་ལས་དོན་སྤེལ་བ་དང་གྲོང་ཁྱེར་གྱི་ཆུ་དྲི་ངན་ཅན་གྲལ་བཤེར་བྱས་ཏེ་འབྲི་ཆུ་དང་དེ་བཞིན་ཆུ་ལག་གཙོ་བོ་དང་རྫ་ཆུ་སྐམ་པོ་ཆུ་བོའི་བཙོག་འབུད་མདོ་ཁར་གྲལ་བཤེར་བཅོས་སྒྲིག་རྒྱུན་མཐུད་ངང་བྱས་པ་རེད།  ཆུ་བོ་(མཚེའུ)དཔོན་ལམ་ལུགས་ཀྱི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། 

   རི་སྔོན་པོ་སྲུང་སྐྱོབ་བྱེད་པའི་དམག་འཐབ་ཡག་པོ་རྒྱག་དགོས།སྣོད་བཅུད་མ་ལག་སྲུང་སྐྱོང་ཉམས་གསོའི་ལས་གྲྭ་གལ་ཆེན་རྒྱུན་མཐུད་ངང་ལག་བསྟར་བྱས་ཏེ་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་ཐོན་ཁུངས་སྲུང་སྐྱོང་ལས་དོན་གྱི་མཉམ་འབྲེལ་ཚོགས་འདུ་སོགས་ཀྱི་ལམ་སྲོལ་འཛུགས་དགོས།ནགས་དཔོན་ལམ་ལུགས་ཀྱི་ལས་དོན་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་སྟེ་ནགས་ས་དང་རྩྭ་ས་འདམ་རའི་གཙོ་གནད་ལས་དོན་གྱི་ལས་འགན་ལ་སྐུལ་འདེད་ནུས་ལྡན་གཏོང་དགོས། 

图片

   ས་གཙང་སྲུང་སྐྱོབ་ཀྱི་དམག་འཐབ་ཡག་པོ་རྒྱག་དགོས།ས་རྒྱུའི་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་རྒྱུན་མཐུད་གཏིང་ཟབ་ངང་ཡག་པོ་བརྒྱབ་ནས་སྦགས་བཙོག་ཡིན་དོགས་ཆེ་བའི་ས་ཆའི་ཁོར་ཡུག་གི་ད་ལྟའི་གནས་ཚུལ་ལ་བརྟག་དཔྱད་དང་ཉེན་ཁར་དཔྱད་དཔོག་དང་དེ་བཞིན་ལག་བསྟར་ཇུས་གཞི་བཟོ་བའི་རྣམ་གྲངས་ལེགས་སྒྲུབ་བྱེད་དགོས།གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་ལ་སྐུལ་འདེད་བརྟན་པོ་གཏོང་དགོས།ཟླ7པའི་ཚེས་10ཉིན་བར་བདེ་ཆེན་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྒྲིག་བྱེད་ཚད་རིམ་རྩིས་བྱས་ན་54.79%ཟིན་ནས་ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར་16གི་ཁྲོད་ཨང་གསུམ་པར་སླེབས་ཡོད། ཞིང་ལས་དང་གྲོང་གསེབ་ཀྱི་སྦགས་བཙོག་བཅོས་སྐྱོང་གི་འགག་སྒྲོལ་དམག་འཐབ་རྒྱུན་མཐུད་ངང་ཡག་པོ་རྒྱག་པ་དང་།ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཀྱི་གསང་སྤྱོད་གསར་བརྗེར་སྐུལ་འདེད་གཏོང་བ།རྫས་ལུད་ཉུང་འཕྲི་དང་ཕན་འབྲས་ཆེ་རུ་གཏོང་བ།ཞིང་སྨན་ཉུང་འཕྲི་དང་གནོད་འཚེ་ཚོད་འཛིན་གཏིང་ཟབ་བྱེད་པ།སྒོ་ཕྱུགས་དང་ཁྱིམ་བྱའི་བྲུན་བཙོག་ཐོན་ཁུངས་ཅན་དུ་བསྒྱུར་ནས་བེད་སྤྱོད་བྱ་རྒྱུ་ཁྱབ་སྤེལ་གཏོང་བ་བཅས་བྱ་དགོས།