སེམས་ཀྱི་ཉི་ཟླའི་འཆད་སྟེགས་ཀྱི་གླེང་སྟེགས་སྐབས་གཉིས་པ་ཁུན་མིང་དུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-08-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 ཟླ་8པའི་ཚེས་26ཉིན།  མི་རིགས་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་བརྗོད་དོན་གཙོ་བོར་བྱས་པའི་"སེམས་ཀྱི་ཉི་ཟླའི་འཆད་སྟེགས་ཀྱི་གླེང་སྟེགས་སྐབས་གཉིས་པ་"ཁུན་མིང་དུ་འཚོགས་པ་རེད། གླེང་སྟེགས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ་དང་ཡུན་ནན་འདི་ཉིད་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་ཞིག་ཏུ་འཛུགས་སྐྲུན་བྱེད་པའི་སྤྱིའི་དམིགས་ཚད་ལ་དམིགས་ནས་ལས་རིགས་ཁག་གི་རིགས་གཅིག་མཁས་ཅན་དང་མཁས་དབང་ཧུར་ཐག་ཞུགས་པ་དང་རྒྱབ་སྐྱོར་ཐོབ་སྟེ་ཞིབ་འཇུག་རྩོམ་ཡིག་དང་བརྟག་དཔྱད་སྙན་ཞུ་30ལྷག་ཙམ་འབྱོར་བ་དང་དཔྱད་ཞིབ་བྱས་པ་བརྒྱུད་21བདམས་ཐོན་བྱུང་བ་རེད།

    གླེང་སྟེགས་ཐོག་ཚོགས་ཆེན་གྱི་སྤེལ་རེས་གཏམ་བཤད་བྱས་པ་རེད། སེམས་ཀྱི་ཉི་ཟླ་ཞིབ་འཇུག་ལྷན་ཚོགས་ཀྱི་དེ་སྔའི་ཚོགས་གཙོ། སེམས་ཀྱི་ཉི་ཟླའི་འཆད་སྟེགས་ཀྱི་གཙོ་བདག་སྐལ་བཟང་དོན་གྲུབ་ཀྱིས་《མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་དགོས་ངེས་ཀྱི་ཐབས་ལམ་ཞིག་ཡིན་》ཞེས་པ་བརྗོད་གཞིར་བྱས་ནས་ཕྱོགས་ཡོངས་དང་རྒྱུད་རིམ་ལྡན་པའི་ཕྱོགས་བསྡུས་གཏམ་བཤད་བྱས་ཡོད། བདེ་ཆེན་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲེན་ཅུན་མིང་དང་དེ་བཞིན་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་ཞིབ་འཇུག་ཁྱབ་ཁོངས་དང་ཟུར་ཚད་མི་འདྲ་བའི་ཐོག་ནས་ཆེད་དོན་རང་བཞིན་གྱི་གཏམ་བཤད་སྤེལ་རེས་གནང་བ་རེད།

    ཤེས་གསལ་བྱུང་དོན།  སེམས་ཀྱི་ཉི་ཟླའི་འཆད་སྟེགས་ཀྱི་གླེང་སྟེགས་སྐབས་གཉིས་པ་ནི་ཡུན་ནན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་རྒྱབ་སྐྱོར་དང་མཛུབ་ཁྲིད་འོག་བདེ་ཆེན་ཁུལ་སྲིད་གྲོས་རིག་གནས་ལོ་རྒྱུས་ཨུ་ལྷན་དང་ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་ཞིབ་འཇུག་ལྷན་ཚོགས་ཀྱིས་ཐུན་མོང་ཐོག་གཉེར་བ་དང་ད་ལོའི་ཟླ་7པའི་ཚེས་5ཉིན་བདེ་ཆེན་ཁུལ་དུ་གླེང་སྟེགས་སྐབས་དང་པོ་གྲུབ་འབྲས་ཐོབ་པའི་ངང་གཉེར་རྗེས་ཆེད་དོན་གཉེར་བའི་གླེང་སྟེགས་སྐབས་གཉིས་པ་དེ་ཡིན་པ་དང་རྣམ་གྲངས་ཀྱི་མིང་ལ་"སེམས་ཀྱི་ཉི་ཟླའི་རིག་གནས་རྒྱུན་འཛིན་དང་མི་རིགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཞིབ་འཇུག་ཞེས་པ་དེ་ཡིན། གླེང་སྟེགས་ཀྱིས་མི་རིགས་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཀྱི་བརྗོད་བྱ་གཙོ་བོ་ལ་དམིགས་ཏེ། ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་སྤྱི་ཚོགས་འཕོ་འགྱུར་ནས་དཔལ་འབྱོར་འཕེལ་རྒྱས་དང་རིག་གནས་དབྱེ་ཞིབ་བར་དང་། ཡུལ་སྐོར་ཐོན་ལས་ནས་མི་རིགས་འགྲོ་འོང་བར།  གྲོང་གསེབ་དར་རྒྱས་ནས་རིགས་ཚོགས་ཀྱི་རིག་གནས་མཉམ་འདྲེས་བཅས་ཚང་མ་དང་འབྲེལ་བ་ཡོད་པ་དང་སླད་ཕྱིན་བདེ་ཆེན་གྱི་མི་རིགས་ལས་དོན་དང་སེམས་ཀྱི་ཉི་ཟླ་ས་ཁུལ་གྱི་བྱ་གཞག་ཁག་འཕེལ་རྒྱས་དང་དེ་བཞིན་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་ཚད་ཤིང་དང་འཛམ་གླིང་གི་"སེམས་ཀྱི་ཉི་ཟླ་"བསྐྲུན་རྒྱུར་དཔྱད་གཞིའི་རིན་ཐང་ལྡན་པའི་བསམ་ཕྱོགས་དང་ལྟ་བ་གལ་ཆེན་མཁོ་འདོན་བྱས་ཡོད་པ་རེད།